གྲྭ་པ་དྲུག་ད་དུང་བཀག་ཉར་བྱས་འདུག
མདོ་སྨད་ཀླུ་ཚང་དགོན་པའི་གྲྭ་པ་༡༠༩ ཉེ་ཆར་འཛིན་བཟུང་བྱས་པའི་ནང་ནས་༦ ད་དུང་བཀག་ཉར་བྱས་ཡོད་འདུག་པ་དང༌། ད་ལོའི་བོད་ཀྱི་ལོ་གསར་ཚེས་༡ ཉིན་མདོ་སྨད་མང་ར་ཀླུ་ཚང་དགོན་པའི་དགེ་འདུན་པ་ཚོས་རྫོང་སྲིད་གཞུང་སྒོ་མར་མེའི་ཁྲོམ་སྐོར་བྱས་ཏེ། རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན། གྲྭ་བ་༡༠༩ འཛིན་བཟུང་བྱས་པའི་ཁྲོད་ནས་སུམ་མདོ་ཞང་གོང་མ་སྡེ་བའི་འཇམ་དབྱངས་ཤེས་རབ་དང་འཇམ་དབྱངས་དངོས་གྲུབ། རུ་མང་སྡེ་བའི་འཇམ་དབྱངས་མཁྱེན་རབ། ལུང་རྟོགས། མགོ་མང་ཞང་ཚ་ནག་སྡེ་བའི་ཀུན་བཟང༌། སུམ་ཞང་མཐའ་བ་སྡེ་བའི་ཐབས་མཁས་རྒྱ་མཚོ་བཅས་དྲུག་ད་དུ་བཀག་ཉར་བྱས་ཡོད་པ་མ་ཟད། ས་གནས་སུ་དམ་དྲག་ཤུགས་ཆེན་བྱས་ཏེ། ཡུལ་མི་དགོན་པའི་ནང་འགྲོ་རྒྱུར་ཡང་གཞུང་གིས་ཆོག་མཆན་ཡོད་འདུག