དཀར་མཛེས་བཀྲ་ལེགས་སུ་རང་བཙན་སྐད་འབོད་དང་འཛིན་བཟུང༌།

རང་ལོ་༢༩ ཡིན་པ་གྲྭ་ཐུབ་བསྟན་དར་རྒྱས་འཛིན་བཟུང་བྱས་ཡོད་པ་མ་ཟད། ཟླ་གཅིག་གི་སྔོན་ལ་སྦག་སྦག་ཅན་སྐྱ་སེར་འགས་ཆུས་དང་ཤང་གི་སྒོ་འགྲམ་དང༌། སྲང་ལམ་སོགས་སུ་གོང་གི་ཚིག་དེ་དག་འཁོད་པའི་བསྒྲགས་ཡིག་གཏོར་བ་དང༌། ཉེན་རྟོག་པར་རྒོལ་འཛིང་བྱས་པའི་སྔ་ཕྱིའི་ལས་འགུལ་མང་པོའི་བྱེད་གཏེ་ཡིན་པའི་ཉེས་མིང་འོག རྡུང་རྡེག་ཚད་མེད་དང་བཅས་མཚན་མོ་དེར་དཀར་མཛེས་སུ་ཁྲིད་ཡོད་ཀྱང༌། ད་ལྟའི་ཆར་གང་དུ་བཀག་ཉར་དང༌། གཟུགས་པོའི་གནས་སྟངས་སོགས་གནས་ཚུལ་ངོ་མ་ཤེས་རྟོགས་གང་ཡང་བྱུང་མེད་པ་རེད།། སེར་ཏྲེ་ཚེ་རིང་སྟོབས་ལྡན་གྱིས་གནས་ཚུལ་མཁོ་སྤྲོད་བྱས།