ས་གནས་སྤྱི་མི་གསར་པ་ཚོར་ཟབ་སྦྱོང༌།

བདེ་སླར་ས་གནས་འགོ་འཛིན་ཕུན་ཚོགས་ལགས་ཀྱིས་ཟབ་སྤྱོང་འགོ་འཛུགས་ཀྱི་གསུང་བཤད་གནང་ཡོད་པ་རེད། སྤྱི་མཐུན་མཉམ་སྤྲེལ་ཚོགས་གཙོ་སྤྱི་ཟུར་པདྨ་བདེ་ལེགས་ཀྱིས་མཉམ་སྤྲེལ་གྱི་ལས་དོན་དང་འབྲེལ་བའི་སྤྱི་མི་ཚོས་ལས་སྒྲུབ་ཕྱོགས་སྐོར་དང༌། ས་གནས་བོད་རིགས་རྒྱ་གར་ཁྲིམས་རྩོད་པ་ཕྲིན་ལས་ལགས་ཀྱིས་གནས་ཡུལ་རྒྱ་གར་ཁྲིམས་ཀྱི་སྐོར། བོད་ཀྱི་བང་ཆེན་ས་གནས་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས་བོད་ཀྱི་རྩ་དོན་ཐོག་གསར་འགྱུར་བརྒྱུད་ལམ་དག་གལ་ཆེན་ཡིན་པའི་སྐོར། དེ་བཞིན་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་ལགས་ཀྱིས་བོད་མིའི་ལས་འགུལ་ཀྱི་ཁ་ཕྱོགས། ལུགས་བསམ་ས་གནས་འགོ་འཛིན་བཀྲིས་དབང་འདུས་ལགས་ཀྱིས་ས་གནས་གཞིས་ལས་ཁང་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ཟབ་ཁྲིད་གནང་ཡོད་པ་རེད།།