ཀི་ཧི་ཧི།

     ཀ་རྩོམ་ཏེ་རྙོག་དྲ་གཟོ་མཁན།། ཁ་ཡི་ཚིག་ལ་ས་མཚམས་མེད་མཁན།། ག་པར་ཡོད་ཀྱང་ཀུ་ཅོ་འདོན་མཁན།། ང་དང་ཁྱོད་ཀྱི་རྩོད་པ་སློང་མཁན།། ང་ཡི་བརྩེ་བའི་དྲ་གྲོགས་རྣམ་པ།།

ཅ་ཅོ་ཟིང་འུར་རྒྱུན་ཆད་མེད་མཁན།། ཆ་རྒྱུས་ཡོད་མེད་ཀུན་ནས་གླེང་མཁན།། ཇ་ཡུན་ཙམ་ལའང་སྡོད་གཟོད་མེད་མཁན།། ཉ་ཉུང་འདྲེས་མའི་བཙོག་གཏམ་བཤད་མཁན།།  ང་ཡི་བརྩེ་བའི་དྲ་གྲོགས་རྣམ་པ།།

                                                                                                                    མུ་འགོད། དེང་འདིར་ྲྒྱུ་མཚན་དུ་མ་ལ་བསམས་ནས་རང་གི་འདྲ་པར་ངོ་མ་ཞིག་པཞག་ཡོད།