གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེའི་ཁྲོམ་སྐོར།
ལྷག་པར་ཧྲེ་ཧོར་ཁུལ་ཀྱི་ཞིང་ལས་མཚམས་འཇོག་གི་ལས་འགུལ་གྱི་རྐྱེན་གྱིས་བོད་མི་མང་པོར་དཀའ་སྡུག་བྱུང་བ་དང༌། ཐ་ན་སྲོག་ཤོར་བ་ཡང་བྱུང་བ་སོགས་ཀྱི་གནས་ཚུལ་བྱུང་བར་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་ཁུར་ཡིན་པ་མཚོད་ཆེད་སྔོ་སྨོན་ཟབ་རྒྱས་ཞིག་དང༌། མར་མེ་ཁྲོམ་སྐོར་བྱས་སོང༌། ལས་འགུལ་དེའི་ཐོག་སྐུ་མགྲོན་གཙོ་བོ་ས་གནས་གཞོན་ནུའི་སློབ་སྟོན་པ་རྒན་བློ་བཟང་རྡོ་རྗེ་ལགས་ཀྱིས་བོད་ནང་གི་གནས་བབ་སྤྱི་དང༌། ལྷག་པར་མདོ་ཁམས་ཧྲེ་ཧོར་ཁུལ་གྱི་ཞིང་ལས་མཚམས་འཇོག་གི་རླབས་ཆེའི་ལས་འགུལ་གྱི་སྐོར་སོགས་གསལ་བཤད་བྱེད་སྐབས། ང་ཚོས་རང་དབང་ལུང་པ་དང་ཁོང་ཚོའི་སྙིང་སྟོབས་ལ་བསྟོད་བསྔགས་དང་གདུང་སེམས་མཉམ་བསྐྱེད་བྱས་བསྡད་པ་གཅིག་པུ་མ་ཡིན་པར་སོ་སོས་ཀྱང་གང་ཐུབ་ཐུབ་ཀྱིས་ལས་འགུལ་སྤེལ་རྒྱུ་གལ་རེད་ཅེས་གསུང་ཡོད་པ་རེད། མེ་སོགས་གསར་འགོད་པ་བཀྲིས་བདེ་ལེགས་ཀྱིས།