ཁོ་བོས་དྲ་གྲོགས་རྣམས་ཀྱི་འདོར་དུ་མེད་རང་འཁྲིས་ལས་འགན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།

ཁས་མ་མི་ལེན་ན་གནས་ཚུལ་ཐ་དད་ཡིན་ཀྱང་རྐྱེན་ངན་གྲོགས་ཤར་འདི་ལྟ་བུ་ཞིག་བྱུང་སྟེ། བོད་ཀྱི་ལོ་རྒྱུས་ནང་ཕྲད་བསྡད་པའི་དཀའ་ངལ་གཙོ་ཆེས་ཤོས་ཤིག་ནི་ཆོས་ལུགས་དང་ལུང་ཚན་འཐེན་འཁྱེར་བྱས་པ་དེ་ཡིན་པར་སྨྲོས་མི་དགོས་མོད། སྦེལ་ཀོབ་གཞིས་ཆགས་གཉིས་ཀྱི་ཆོས་ལུགས་དབྱེ་བ་མེད་པར་རིས་མེད་དགེ་འདུན་པ་དང་མི་སྐྱ་ཡོངས་རྫོགས་ཀྱིས་མཆོད་འབུལ་དེར་ལྷན་ཞུགས་གནང་སྟེ། ཐུགས་སྨོན་རྒྱ་ཆེར་གནང་བ་མ་ཟད་སྔ་འགྲུར་སློབ་མའི་རབ་བྱུང་ཕོ་མོ་གཉིས་ཀྱི་དབུས་འབྲེལ་ཡོད་རྣམས་ལ་ཐུགས་གསོ་ཡང་མཛད་ཡོད་པ་རེད། འདི་ལ་ཁ་ཐོག་ལག་བཞག་གི་ཕན་འབྲས་མངོན་ཡོད་པས་མ་ཚད་སྐབས་འདིའི་བརྙན་པར་གྱི་རིགས་འཛམ་གླིང་གི་ཁྱོན་ཡོངས་དང་ལྷག་པར་བོད་དང་རྒྱ་ནག་གི་ནང་དུ་ཁྱབ་བརྡལ་ཆེན་པོ་ཞིག་འགྲོ་ངེས་པས་འཕྲལ་དུ་གྲུབ་འབྲས་ཆེན་པོ་ཞིག་དང་མ་འོངས་པ་ལ་ཡིན་ནའང་ཁ་མིག་ཡར་བལྟ་བྱེད་སའི་དཔེར་མཚོན་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད། མཆོད་འབུལ་སྐབས་སེ་རའི་དགེ་བསྐོས་ཀྱིས་ཚོགས་ཡོངས་སུ་སྐྱབས་འཇུག་ཞུས་པ་ལྟར། སྐྱིད་སྡུག་གཅིག་པའི་བོད་རིགས་སྤུན་ཟླ་ཚང་མས་དམ་པ་གང་གི་ཐུགས་དགོངས་བཞིན་ཤུལ་ལུས་རྣམ་གྲོལ་གླིང་གི་གཙོས་སྔ་འགྱུར་ཆོས་སྡེ་ཁག་གི་བཤད་སྒྲུབ་འཆད་ཉན་མི་ཉམས་དབྱར་མཚོ་ལྟར་དར་རྒྱས་ཕུན་སུམ་ཚོགས་པ་ཡོང་བའི་སྨོན་ལམ་དང་བླ་མ་ཡི་དམ་དགེ་འདུན་ཆོས་སྲུང་དང་བཅས་པར་གསོལ་བ་ཡང་ཡང་འདེབས་དགོས་པ་ནི། ཁོ་བོས་དྲ་གྲོགས་རྣམས་ཀྱི་འདོར་དུ་མེད་པའི་རང་འཁྲིའི་ལས་འགན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།