གྲྭ་པ་ཞིག་གི་རང་སྲོག་གཅོད་དགོས་བྱུང་བ།

ཡིན་ནའང་ད་ལོའི་གསུམ་བཅུའི་དུས་དྲན་སྔོན་ཙམ་ནས་རྒྱ་ནག་གཞུང་གིས་ཡང་བསྐྱར་འཛིན་བཟུང་བྱ་རྒྱུའི་མིང་གཞུང་ནང་ཚུད་དེ་འཛིན་བཟུང་བྱེད་གཏན་འཁེལ་བར་བརྟེན། རི་གསེང་རྫ་གསེང་སོགས་སུ་བྲོས་བྱོལ་བྱས་ནས་བསྡད་ཡོད་ནའང། བར་ལམ་ནས་དེ་ལྟར་སྡོད་མ་ཐུབ་པར། ཉིན་ཁ་ཤས་སྔོན་རང་དགོན་དུ་ཡོང་ནས་རང་སྲོག་རང་གིས་གཅོད་དགོས་བྱུང་ཡོད་འདུག གྲྭ་བཤད་སྒྲུབ་ལགས་ནི་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཀླུ་འབུམ་ཁང་ཚན་ནས་ལོ་ངོ་བཅུའི་རིང་སློབ་གཉེར་གྱིས་དབུ་མ་འཛིན་གྲྭའི་མཚམས་ཏེ། ཕྱི་ལོ་ ༢༠༠༦ ལོར་ཕྱིར་ཕ་ཡུལ་དུ་ལོག་ཡོད་པ་དང༌། ད་ལྟ་རང་ལོ་༤༠ ཡས་མས་ཟིན་ཡོད་པ་དང། ཕ་མིང་ལ་སྒྲོལ་མ་སྐྱབས་ཟེར་གྱི་ཡོད་འདུག།།