གངས་སེང་གི་ངར་སྒྲ།

པེ་ཅིང་དུ་གནས་སྡོད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་བརྩམས་པའི་<<གངས་སེང་གི་ངར་སྒྲ་>>ཞེས་པའི་ཟིན་ཐོ་དེ་བོད་ཀྱི་ཡིག་བསྒྱུར་ཁང་གི་ཀུན་མཐར་ལགས་ཀྱིས་བོད་བསྒྱུར་གྱིས་འགྲེམས་སྤེལ་བྱས་ཡོད་པ་དང། དེབ་དེ་ནི་ཚེ་རིང་འོད་ཟེར་ལགས་ཀྱིས་ཕྱི་ལོ་༢༠༠༨ ཕྱི་ཟླ་༣ པའི་ཚེས་༡༠ ཆོལ་གསུམ་གཞིས་ལུས་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་བྱུང་རིམ་ཟིན་ཐོ་ཞིག་ཡིན་པ་རེད་ལ། ཕྱི་ཟླ་༣ ཚེས་༡༠ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་༨ ཚེས་༢༣ བར་གྱི་ཉིན་དྲུག་ཅུ་ལྷག་གི་བོད་ཀྱི་ས་གནས་ཡོངས་ཀྱི་གནས་ཚུལ་རེ་རེ་བཞིན་འཁོད་ཡོད་པ་རེད། རྩོམ་པ་པོས་དོན་རྐྱེན་ཟིན་ཐོ་འདིའི་ནང་ས་བྱི་ལོའི་ཞི་རྒོལ་གྱི་གནས་ཚུལ་ཆ་ཚང་བ་ཞིག་འདུས་མེད། ཟིན་ཐོ་འདི་༢༠༠༨ ལོའི་ཟླ་༣ ཚེས་༡༠ ཉིན་ནས་འབྲི་འགོ་བརྩམས་ཤིང།་༢༠༠༨ ལོའི་ཟླ་༨ ཚེས་༢༣ ཉིན་མཇུག་བསྡུས་པ་ཡིན། འགོག་རྐྱེན་སྣ་ཚོགས་པ་ཞིག་གི་དབང་གིས། ཟིན་བྲིས་ནང་འཁོད་པའི་ནང་དོན་རྣམས་ང་རང་སྒེར་ངོས་ནས་འཚོལ་ཞིབ་དང་བསྡུ་ལེན་གང་ཐུབ་བྱས་པའི་གནས་ཚུལ་ཡིན་སྟབས། ཆད་ལྷག་ཡང་ཡོད་སྲིད་ལ། བོད་ཧྲིལ་པོའི་དངོས་ཡོད་གནས་སྟངས་མཚོན་ཐུབ་མེད་ན་དགོངས་དག་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་པ་རེད།།