པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར།
གདན་སའི་མཁན་ཚབ་བཀའ་ཆེན་རབ་བྱམས་པ་བློ་བཟང་ཤེས་རབ་མཆོག་དང་སྐུ་མགྲོན་གཙོ་བོ་བདེ་སླར་ས་གནས་འགོ་འཛིན་ཕུན་ཚོགས་རྣམས་གཉིས་ཀྱིས་མཎ་ཌལ་འདེགས་འབུལ་ཞུས་རྗེས། ྋརྒྱལ་བ་ཡབ་སྲས་རྣམས་གཉིས་ཀྱི་ཞབས་བརྟན་གསོལ་འདེབས་གསུངས་ཡོད་པ་རེད། བཀྲིས་ལྷུན་པོ་དང་པཎ་ཆེན་ཨེར་ཏེ་ནི་ཞབས་ཞུའི་ལས་དོན་སྟེ་གནས་ཁང་ཐུན་མོང་གི་འཁྲུངས་སྐར་ཉིན་གྱི་ཡོངས་ཁྱབས་གསལ་བསྒྲགས་སྒྲོགས་སྦྱང་གནང་སྟེ་མཛད་སྒོ་གྲོལ་བ་དང༌། དགོང་མོར་ཡང་བཀྲིས་ལྷིན་པོའི་གོ་སྒྲིག་འོག་ས་གནས་བོད་རིགས་སྐྱ་སེར་མི་མིང་གིས་ལུགས་བསམ་གྲོང་སྡེ་དང་པོར་མར་མེ་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་ཀྱང་སྤེལ་ཡོད་པ་རེད། མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།