དབུལ་ཕོངས་རོགས་སྐྱོར་ཚོགས་པ་ཞིག་གིས་༸གོང་ས་མཆོག་གདན་ཞུ།

སྐབས་དེར་སྐུ་མགྲོན་ཁྲོད་ཨ་རིའི་སན་ཧྥི་རན་སི་ཁོའི་གྲོང་ཁྱེར་གྱི་ཟམ་པའི་འོག་ཏུ་གནས་སྡོད་བྱེད་པའི་དབུལ་ཕོངས་ཉམས་ཐག་དག་ཀྱང་ཡོང་ཡོད་པ་རྣས་ལ་༸གོང་ས་མཆོག་གིས་ང་ཚོ་ཕན་ཚུན་ལ་བརྟེན་ནས་འཚོ་བ་དང་ང་ཡང་ཁྱེད་རྣམས་ལ་བརྟེན་ནས་ཡོད། ང་ཚོ་མིའི་སྤྱི་ཚོགས་ནང་གནས་ཡོད་པས་རང་ཉིད་མི་ཡིན་པའི་སྤྲོ་སེམས་དང་སྤོབས་པ་དགོས་ཞེས་གསུངས་ཡོད་པ་རེད། ཚོགས་པ་དེས་ཁྱིམ་མེད་དབུལ་པོ་རྣམས་ལ་རོགས་སྐྱོར་བྱེད་ཀྱི་ཡོད་པས། རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་བོད་མི་མིང་པོར་རོགས་སྐྱོར་བྱེད་མྱོང་ཡོད་པའི་ཚོགས་པ་ཞིག་ཡིན་འདུག །