ཀླུ་ཚང་དགོན་པའི་གྲྭ་པ་བཞི་ལ་ཁྲིམས་ཆད།

    ཀླུ་ཚང་རུ་མང་ར་སྡེ་པའི་གྲྭ་ལུང་རྟོགས་རྒྱ་མཚོ། ལོ་༢༢། ཕ་མིང་ལ་གཡང་བྷ་རྒྱ། བྱ་གཞུང་སྡེ་པའི་གྲྭ་བཟོད་པ་རྒྱ་མཚོ། ལོ་༢༤ ཕ་མིང་སྐྱབས་ཐོ། ཀླུ་ཚང་རུ་མང་སྡེ་པའི་གྲྭ་སྐལ་བཟང་རྒྱ་མཚོ། ལོ་༢༡ ཕ་མིང་རྒྱ་མོ་ཐར། ལོ་བ་སྡེ་པའི་གྲྭ་བཟོད་པ་རྒྱ་མཚོ། ལོ་༡༩ ཕ་མིང་ཚེ་དབང་བཅས་ཁོང་རྣམས་ལ་ལོ་གཉིས་རེའི་ཁྲིམས་གཅོད་དང༌། སྟོང་འཁོར་ཁུལ་དུ་ཁྲིད་པའི་གནས་ཚུལ་བྱུང་ཡོད་པ་རེད། ཡང་ཉིན་ཤས་སྔོན་དུ་ལོ་ཉི་ཤུ་རྩ་གྲངས་ཡིན་པའི་ཀླུ་ཚང་དགོན་པའི་གྲྭ་ཐབས་མཁས་རྒྱ་མཚོ་དང༌། ལོ་ན་བཅུ་དྲུག་ཙམ་ཡིན་པའི་དཀོན་མཆོག་རྒྱ་མཚོ་གཉིས་འཛིན་བཟུང་གིས་རྫོང་ཐོག་ཏུ་བཀག་ཉར་བྱས་ཡོད་པ་དང༌། གཞན་ཡང་ཀླུ་ཚང་དགོན་དུ་གྲྭ་པ་བདུན་བཅུས་ཁས་ལེན་བྱས་པ་བཞིན་ཆོས་ཕྱོགས་ཉིན་རེའི་བྱེད་སྒོའི་ཁྲིད་ཞུགས་ཆོག་པ་ལས་གཞན་རྣམས་དགོན་པའི་སྒྲིག་ཁོངས་སུ་ཞུགས་མི་ཆོག་པའི་དཀའ་ངལ་འཕྲད་བཞིན་པ་ཡིན་པ་རེད།།