ནག་ཆུ་ཞབས་བརྟན་དགོན་གྱི་གྲྭ་པ་འཇུ་བཟུང།
ཟིན་པ་དེའི་དགེ་བཤེས་མིང་བཏགས་བཞེས་པར་ལྷ་སར་ཕེབས་དགོས་ཞེས་ཁྲིད་དེ་ལམ་བར་ནས་ཕྱིར་ལོག་བརྒྱབ་སྟེ་ནག་ཆུའི་བཙོན་ཁང་དུ་བཅུག་པ་རེད།དེ་བཞིན་དམངས་གཙོའི་བདག་གཉེར་ལས་བྱེད་རྒན་བརྩོན་འགྲུས་ལགས་ཀྱང་རང་ཤག་ནས་ཁྲིད་དེ་བཙོན་ཁང་དེར་བཅུག་པ་དང། ཁོང་རྣམ་པ་གསུམ་བཙོན་བཅུག་བྱས་ནས་ད་ལྟའི་བར་ཉིན་གྲངས་ཉི་ཤུར་ཉེ་ཡང་རྒྱ་གཞུང་ནས་བཙོན་འཇུག་བྱེད་དགོས་པའི་རྒྱུ་མཚན་གང་ཡང་གསལ་བསྒྲགས་བྱས་མེད་པ་རེད། ཕ་མ་དང་གཉེན་ཉེ། དགོན་པའི་གྲྭ་པ་ཚོར་དོན་རྐྱེན་དེ་གང་ལ་བསྙད་དེ་བྱུང་བ་གསལ་རྟོགས་མེད་པ་དང། ལྷག་པར་ཁོང་ཚོར་འཚོ་གོས་སོགས་ཀྱི་མཐུན་རྐྱེན་མཁོ་སྤྲོད་བྱེད་འཇུག་གི་མེད་པ་རེད།
མཁན་ཟུར་རིན་པོ་ཆེ་ཐུབ་བསྟན་ཐབས་མཁས་ལགས་ནི། དགུང་ལོ་༤༧ ཡིན་པ་དང༌། ༡༩༨༢ ལོར་དགོན་པ་ཉམས་གསོ་གསར་བཞེངས་སྐབས་ཆོས་སྒོར་ཞུགས་ཏེ་ཆོས་ཕྱོགས་ཀྱི་ཕྱག་ལས་རྒྱ་ཆེན་གནང། བརྩི་བཞག་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་ལགས་ནི། དགུང་ལོ་༣༠ ཡིན་པ་དང༌། ༡༩༨༨ ལོ་ནས་ཆོས་སྡེ་དེར་སློབ་གཉེར་ཚུལ་མཐུན་བཞིན་གནང། དམངས་གཙོ་བདག་གཉེར་རྒན་བརྩོན་འགྲུས་ལགས་ནི། དགུང་ལོ་༣༤ ཡིན་ཞིང་༡༩༨༨ ཡས་མས་སུ་ཆོས་སྡེ་དེར་སློབ་གཉེར་དང༌། དམངས་གཙོ་བདག་གཉེར་གྱི་ལས་དོན་གནང་བཞིན་པའི་སྐབས་འཛིན་བཟུང་བྱས་འདུག་ཅེས་འགྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་སོང།།