རྒྱལ་གཅེས་དཔའ་བོའི་ཉིན་མོ་སྲུང་བརྩི།

ཚོགས་ཐོག་ཏུ་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་དང། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་དྲུང་ཆེ་སྤོ་ཆུང་ཚང་དོན་གྲུབ་ལྷ་དར། དབུས་རྒྱུན་དཀོན་མཆོག་ཡར་འཕེལ་སོགས་ཕེབས་ཡོད་པ་རེད། དོན་གྲུབ་ལྷ་དར་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོའི་ཉིན་མོར་ཕུལ་བའི་གསུང་བཤད་སྒྲོགས་སྦྱང་གནང་བ་དང། ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གསུང་བཤད་གནང་དོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༠༩ ཟླ་༡ ཚེས་༢༩ ཉིན་ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་སུ་གཞོན་ལྷན་གྱི་ཚོགས་གཙོ་ཚེ་དབང་རིགས་འཛིན་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མཐར་ཐུག་གི་དམིགས་དོན་ནི་བོད་ཆོལ་ཁ་གསུམ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་སོགས་དམ་བཅའ་ཕུལ་ཡོད་པ་རེད། དེ་ལ་སོགས་པའི་རླབས་ཆེན་གྱི་ཕྱག་ལས་གནང་ཕྱོགས་ལ་རང་ངོས་ནས་ཀྱང་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་བསྔགས་བརྗོད་ཡོད་ཅེས་གསུང་བཤད་གནང་སོང༌།  དེ་བཞིན་ཉིན་དེར་འདས་པོ་དཔའ་བོ་ཐུབ་བསྟན་དངོས་གྲུབ་གཙོའི་དེ་དང་དེའི་མཚོན་པས་བོད་ཕྱི་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མར་མེ་སྟོང་མཆོད་དང་མ་ཎི་བསྔོ་སྨོན་སོགས་གསོག་བསྒྲུབ་གནང་སོང༌།
                    མོན་གྷོ་གསར་འགོད་པས།