ལས་འགུལ་བ་རྩིས་སྤྲོད་དགོས་ཟེར།
ཟླ་༣ ཚེས་༢༩ ཉིན་ལས་འགུལ་དེའི་ཐད་དྲག་ཆས་ཉེན་རྟོག་པ་དངོས་སུ་མའུ་བཙུན་དགོན་དུ་སླེབས་ནས་ལས་འགུལ་སྤེལ་བའི་སྐབས་སུ་བཙུན་མ་རྣམས་དང་ཁ་འཛིང་ཤོར་བ་དང་སྤྱི་སྤྱོད་རླངས་འཁོར་བཅག་པ་སོགས་བྱས་པར་བརྟེན། བཙུན་མ་བདུན་ཅུ་ལྷག་གནས་ཐབས་དཀའ་བ་མ་ཟད་བྲོས་བྱོལ་ཏུ་འགྲོ་མཁན་ཡང་བྱུང་བ་དང། གྲོང་སྡེ་ཁག་གི་བོད་མི་ཚོ་སྡོད་མི་ཐུབ་པའི་གནས་ཚུལ་ཚབས་ཆེན་འབྱུང་བཞིན་ཡོད་པ་གྲྭ་ཡ་མ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་སོང།། མོན་གྷོ་གསར་འགོད་པས།