༄༅།།འགྲོ་ལུགས་ངེས་སྲོལ་ནན་གྱིས་སྲུང་། །ཡང་སྲིད་བསམ་དོན་ཇི་བཞིན་བྱོན།

ཁོང་གིས་འདི་སྐད། རྭ་སྒྲེང་སྤྲུལ་སྐུ་སྐུ་ཕྲེང་དྲུག་པ་བསྟན་འཛིན་འཇིགས་མེད་མཐུ་སྟོབས་དབང་ཕྱུག་མཆོག 1997ལོ་ཟླ་2ཚེས་13བོད་མི་གླང་ལོའི་ཧོར་ཟླ་1ཚེས་6ཉིན་སྐུ་མྱ་ངན་ལས་འདས་ རྗེས་རྭ་སྒྲེང་དགོན་པའི་དགེ་འདུན་ཚོགས་དང་རྒྱ་ཆེའི་དད་ལྔན་མང་ཚོགས་ཀྱིས་ཡང་ སྲིད་བཙལ་འཚོལ་ཞུ་རྒྱུའི་རེ་བ་ཆེན་པོ་བྱེད་པ་དང་། རྭ་སྒྲེང་དགོན་པས་རིམ་པ་ཁག་གི་སྲིད་གཞུང་དང་འབྲེལ་ཡོད་ཚན་པར་མྱུར་དུ་ཡང་ སྲིད་བཙལ་འཚོལ་ཞུ་རྒྱུའི་རེ་བ་ཞུས་ཤིང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་གྲོང་ཁྱེར་ལྷ་སའི་མི་དམངས་སྲིད་གཞུང་ གིས་དོན་དེར་དོ་འཁུར་དང་མཐོང་ཆེན་གནང་སྟེ་ཡང་སྲིད་བཙལ་འཚོལ་ཞུ་རྒྱུའི་དགོན་ པའི་རེ་བར་གང་མགྱོགས་ཆོག་མཆན་དང་དུས་མཚུངས་ངེས་པར་དུ་ཆོས་ཕྱོགས་ཀྱི་འགྲོ་ ལུགས་དང་ཡང་སྲིད་བཙལ་འཚོལ་ཞུ་བའི་རྒྱུན་སྲོལ་ནན་པོར་གཞིགས་ཏེ་སྒྲུབ་དགོས་ པའི་ནན་བཤད་ཡང་ཡང་གནང་བ་རེད་ཅེས་བཤད་པ་རེད། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ འཁུར་འོག་1998ལོའི་ཟླ་8པའི་ཟླ་མཇུག་ཏུ་གྲོང་ཁྱེད་ལྷ་སར་ཡང་སྲིད་བཙལ་འཚོལ་ ལས་ཀའི་འགྲོ་ཁྲིད་ཚོགས་ཆུང་དང་ལྗོངས་ནང་ཁུལ་གྱི་བླ་སྤྲུལ་སྐྱེས་ཆེན་ལས་ གྲུབ་པའི་བློ་འདོན་ཚོགས་ཆུང་བཙུགས་པ་དང་། རྭ་སྒྲེང་དགོན་པའི་དགེ་འདུན་ལས་བཙལ་འཚོལ་ཞུ་བའི་ལས་ཀའི་ཚོགས་ཆུང་གྲུབ། རྒྱལ་མཚན་ཆོས་གྲགས་ཀྱིས་ངོ་སྤྲོད་གནང་དོན། བཙལ་འཚོལ་ཚོགས་ཆུང་གིས་རྭ་སྒྲེང་སྤྲུལ་སྐུའི་སྐུ་ཕྲེང་དྲུག་པའི་ཡང་སྲིད་ བཙལ་འཚོལ་བྱེད་པའི་ལས་ཀ་ཞིབ་ཕྲ་བྱེད་སྟངས་ནི་དང་པོ། ཆོས་ཕྱོགས་ཀྱི་འགྲོ་ལུགས་དང་སྲོལ་རྒྱུན་གྱི་བྱེད་སྟངས་ལ་གཞིགས་ཏེ་ཡང་སྲིད་ མྱུར་བྱོན་གྱི་གསོལ་བ་སྨོན་ལམ་འདེབས་པ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་རབ་དང་ རིམ་པ་སྤེལ་བ་དང་། གཉིས་པ། རང་ལྗོངས་སུ་སྐད་གྲགས་ཡོད་པའི་སྐར་རྩིས་མཁན་ཅན་གདན་དྲངས་ཏེ་རྩིས་བཤགས་པ། གསུམ་པ། ལྗོངས་ནང་ཁུལ་གྱི་བླ་སྤྲུལ་སྐྱེས་ཆེན་དང་རྭ་སྒྲེང་དགོན་པའི་དགེ་འདུན་བཅས་ ཆོས་ལུགས་ལས་རིགས་ཀྱི་མི་སྣ་18ལས་གྲུབ་པའི་མཚོ་གཟིགས་ཚོགས་ཆུང་གིས་ལོ་ རྒྱུས་ཀྱི་ངེས་སྲོལ་དང་བོད་བརྒྱུད་ནང་བསྟན་གྱི་འགྲོ་ལུགས་ལྟར་ལྷོ་ཁ་ས་ཁུལ་ དུ་སྐད་གྲགས་ཡོད་པའི་ཆོས་འཁོར་རྒྱལ་ལྷ་མོའི་བླ་མཚོར་མཚོ་གཟིགས་སུ་བསྐྱོད་པ་ བཅས་རེད། རྩིས་བཤགས་པར་ལྷ་སའི་གཙུག་ལག་ཁང་གི་ལྟེ་བར་བྱེད་པའི་བྱང་ཤར་ཕྱོགས་སུ་བོད་ མེ་གླང་ལོར་སྐྱེས་པའི་ལུས་ཐོག་ཏུ་མཚན་ལྟས་མངོན་གསལ་དོད་ཙམ་དང་སྨེ་བ་ནག་པོ་ ཡོད་པའི་ཁྱེའུ་ཞིག་བབ་པ་དང་། མཚོ་གཟིགས་ཀྱི་གཟིགས་སྣང་ལའང་ཡང་སྲིད་འཁྲུངས་ཡུལ་བྱང་ཤར་རྒྱུད་དུ་ཡིན་པ་དང་ ཡང་སྲིད་འཁྲུངས་ཡུལ་གྱི་ལུང་པའི་ས་དབྱིབས་ཀྱང་མངོན་ལུགས་ངོ་སྤྲོད་བྱས་པ་ རེད།

དེ་ རྗེས་བཙལ་འཚོལ་ཚོགས་ཆུང་གིས་རྩིས་ བཤགས་པ་དང་མཚོ་གཟིགས་ལས་བབ་པའི་ཁ་ཕྱོགས་ལ་གཞིགས་ཏེ་བཙལ་འཚོལ་ལས་ཀ་ནན་ཏན་ བྱས་ཤིང་། རྭ་སྒྲེང་དགོན་པའི་དགེ་འདུན་བརྒྱད་ལས་ཡན་ལག་རུ་ཆུང་གཉིས་སུ་དབྱེ་བ་སྟེ་ རྫོང་བརྒྱད་ཀྱི་ཤང་གྲོང་31གི་བྱིས་པ་670ལྷག་ཙམ་ལ་ལྟ་འདྲི་བྱས་པ་མ་ཟད་བྱིས་ པ་320ལྷག་ཙམ་ལ་གཙོ་གནད་དུ་བརྟག་ཞིབ་བྱས་པ་དང་ཆབས་ཅིག་མཚོ་གཟིགས་ལས་བྱུང་ བའི་གཟིགས་སྣང་གི་ལུང་པའི་ས་དབྱིངས་ལ་གཞིགས་ཏེ་བཙལ་འཚོལ་ཞུ་བའི་ཁྱབ་ཁོངས་ རིམ་གྱིས་ཆུང་དུ་བཏང་མཐར་ནག་ཆུ་ས་ཁུལ་ཁོངས་ལྷ་རི་རྫོང་ཨར་རྩ་ཤང་ནས་དབྱངས་ ཆེན་དང་ཀླུ་མོ་བཟའ་ཚོ་གཉིས་ལ་མེ་གླང་ལོར་བཙས་པའི་ཁྱེའུ་བསོད་ནམས་ཕུན་ཚོགས་ བཙལ་རྙེད་ཐུབ་པ་རེད།

རྒྱལ་ མཚན་ཆོས་གྲགས་ཀྱིས་ གསར་འགོད་པར་འདི་སྐད། བསོད་ནམས་ཕུན་ཚོགས་ལ་རྩིས་བབས་པའི་རྩ་བའི་ཁྱད་ཆོས་ལྡན་ཡོད་པ་དང་བཙལ་འཚོལ་ ཚོགས་ཆུང་གིས་རྭ་སྒྲེང་སྤྲུལ་སྐུའི་སྐུ་ཕྲེང་དྲུག་པའི་སྐུ་འཚོ་བཞུགས་སྐབས་ བེད་སྤྱོད་གནང་མྱོང་བའི་སྤྱན་ཤེལ་དང་། ཕྱག་དཔེ། ཕྱག་ཕྲེང་སོགས་སྐུ་འདས་པོའི་དངོས་རྫས་ཁོང་ལ་ངོས་འཛིན་ཞུ་རུ་འཇུག་སྐབས་ཁོང་ གིས་རང་གི་དངོས་པོ་མཐོང་བ་ལྟར་གནང་བ་དང་ཕྱོགས་མཚུངས་ང་དང་བཙལ་འཚོལ་ཚོགས་ ཆུང་གི་ཁོངས་མི་གཞན་དག་ལ་མཉེས་ཚོར་ཆེན་པོ་གནང་ཞིང་། ང་ཚོ་འདི་ནས་ཁ་བྲལ་སྐབས་ཁོང་ང་ཚོ་དང་མཉམ་དུ་ཕེབས་འདོད་ཧ་ཅང་ཆེན་པོ་གནང་གི་ འདུག བསོད་ནམས་ཕུན་ཚོགས་ཀྱི་བྱེད་ལུགས་བྱེད་སྟངས་ཀྱི་ཐོག་ནས་ང་ཚོ་བཙལ་འཚོལ་ཚོགས་ ཆུང་གི་ཁོངས་མི་ཡོངས་ཀྱིས་ཁོང་ནི་རྭ་སྒྲེང་སྤྲུལ་སྐུའི་སྐུ་ཕྲེང་དྲུག་པའི་ ཡང་སྲིད་ཡིན་པའི་ངོས་འཛིན་མཐའ་གཅིག་ཏུ་བྱས་པ་ཡིན་ཞེས་དགའ་སྤྲོའི་ངང་ཤོད་ ཀྱི་འདུག

བཙལ་ འཚོལ་ཚོགས་ཆུང་གིས་དེ་མ་ཉིད་དུ་ གྲོང་ཁྱེར་ལྷ་སའི་རྭ་སྒྲེང་སྤྲུལ་སྐུའི་སྐུ་ཕྲེང་དྲུག་པའི་ཡང་སྲིད་བཙལ་ འཚོལ་ལས་ཀའི་འགོ་ཁྲིད་ཚོགས་ཆུང་ལ་བཙལ་འཚོལ་ཞུས་ཚུལ་སྙན་སེང་ཞུས་པ་དང་འབྲེལ་ ངོས་འཛིན་ཆོག་མཆན་གནང་རྒྱུའི་སྐྱབས་འཇུག་ཀྱང་ཞུས་ཤིང་། བཙལ་འཚོལ་ཞུ་བའི་ཚོགས་ཆུང་གིས་ཕུལ་བའི་སྙན་ཞུ་དང་བཙལ་འཚོལ་ལས་ཀའི་གོ་རིམ་ལ་ འགོ་ཁྲིད་ཚོགས་ཆུང་གིས་ཞིབ་གཤེར་ནན་ཏན་གནང་སྟེ་བཙལ་འཚོལ་ཚོགས་ཆུང་གིས་ཆོས་ ཕྱོགས་ཀྱི་འགྲོ་ལུགས་དང་སྲོལ་རྒྱུན་གྱི་བྱེད་སྟངས་ལ་ནན་པོར་གཞིགས་ཏེ་ལོ་ གཅིག་ལྷག་ཙམ་རིང་བཙལ་འཚོལ་ཞུས་མཐར་བཙལ་རྙེད་ཐུབ་པའི་འོས་སྤྲུལ་དེ་རྩིས་ བཤགས་པ་དང་། མཚོ་གཟིགས་ལས་མངོན་པའི་ནང་དོན་དང་མཐུན་པའི་ངོས་འཛིན་གནང་སྟེ་དེ་མ་ཐག་གྲོང་ ཁྱེར་ལྷ་ས་མི་དམངས་སྲིད་གཞུང་ལ་སྙན་ཞུས་ཕུལ་བ་དང་། དེ་རྗེས་གྲོང་འཁྱེར་ལྷ་སའི་མི་དམངས་སྲིད་གཞུང་གིས་སླར་ཡང་རང་སྐྱོང་ལྗོངས་ མི་དམངས་སྲིད་གཞུང་ལ་དངོས་སུ་སྙན་ཞུ་ཕུལ་བ་རེད། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་མོས་མཐུན་བྱུང་བ་དང་འབྲེལ་རྒྱལ་ཁབ་ཆོས་ ལུགས་ལས་དོན་ཅུས་ཀྱི་མངགས་བཅོལ་ལྟར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ 1999ལོ་ཟླ་12ཚེས་28ཉིན་1997ལོ་ཟླ་8པའི་ཚེས་13བོད་རབ་བྱུང་བཅུ་བདུན་པའི་མེ་ གླང་ལོའི་ཟླ་12ཉིན་ཉིན་འཁྲུངས་པའི་བོད་རང་སྐྱོང་ལྗོངས་ལྷ་རི་རྫོང་གི་ ཁྱེའུ་བསོད་ནམས་ཕུན་ཚོགས་དེ་ཉིད་རྭ་སྒྲེང་སྐུ་ཕྲེང་དྲུག་པ་བསྟན་འཛིན་འཇིགས་ མེད་མཐུ་སྟོབས་དབང་ཕྱུག་གི་ཡང་སྲིད་དུ་ངོས་འཛིན་ཆོག་མཐུས་དང་རྭ་སྒྲེང་སྐུ་ ཕྲེང་བདུན་པར་རྒྱུན་འཛིན་བྱ་འཐུས་ཀྱི་ཆོག་མཆན་ཆེད་དུ་བསྩལ་བ་རེད། དེས་ན་རྭ་སྒྲེང་སྐུ་ཕྲེང་དྲུག་པའི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་ཞུ་བའི་ལས་ ཀ་ཐུགས་གྲ་ལེགས་འགྲིག་བྱུང་ཡོད།

རྒྱལ་ མཚན་ཆོས་ གྲགས་ཀྱིས་སྟོང་ལོ་གསར་པའི་བཀྲ་ཤིས་ཉིན་མོ་དེར་གཙུག་ལག་ཁང་གི་ཤཱཀྱ་མུ་ནེའི་ སྐུ་བརྙན་གྱི་མདུན་དུ་རྭ་སྒྲེང་སྤྲུལ་སྐུའི་སྐུ་ཕྲེང་དྲུག་པའི་ཡང་སྲིད་ལ་ ངོས་འཛིན་ཆོག་འཐུས་དང་། གཙུག་ཕུད་ཕུལ་བ། མཚན་གསོལ་བ་བཅས་ཀྱི་མཛད་སྒོ་གནང་བ་དང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་སྐུ་ཚབ་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ ལྷ་སའི་འགོ་ཁྲིད། དེ་བཞིན་རྒྱ་ཆེའི་སེར་སྐྱ་མང་ཚོགས་བཅས་དེ་གར་ཕེབས་ནས་གཟི་དཔལ་ལྡན་པའི་ཆོས་ ཕྱོགས་ཀྱི་མཛད་ཆེན་དེར་ཞུགས། དེའོ་ཐོག་ནས་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ནི་སྔ་ཕྱི་བར་གསུམ་དུ་ཡང་དག་ པ་ཞིག་ཡིན་པ་དང་སེར་སྐྱ་མང་ཚོགས་ཀྱི་བརྩི་བཀུར་ཆེན་པོ་ཐོབ་པའི་གསལ་བཤད་གང་ ལེགས་བྱུང་ཡོད་ཅེས་དགའ་སྤྲོའི་ངང་གསུངས་པ་རེད།

རྒྱལ་ མཚན་ཆོས་གྲགས་ཀྱིས་རྭ་སྒྲེང་དགོན་པའི་དགེ་འདུན་ཡོངས་ཀྱིས་རྒྱལ་གཅེས་ཆོས་ གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་དར་ཆ་མཐོན་པོར་སྒྲེང་བ་དང་རྭ་སྒྲེང་ སྤྲུལ་སྐུའི་སྐུ་ཕྲེང་དྲུག་པས་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱན་ ཤུལ་འཛིན་བྱས་ཏེ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་ཁ་བྲལ་ལ་ངོ་རྒོལ། སངས་རྒྱས་ཀྱི་བསྟན་པ་དར་སྤེལ། སྐྱེ་འགྲོར་སྨན་པ་བཅས་ཀྱི་ཆེད་དུ་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ ཞེས་རྣམ་འགྱུར་བསྟན་པ་རེད།