རིགས་གནས་འཆད་ཁྲིད་ཀྱི་ལས་འགུལ།
ཉིན་དེའི་ཞོགས་པ་བྷེལ་ཀོབ་ལུགས་བསམ་མཉམ་སྦྲེལ་ཚོགས་ཁང་དུ་ལུགས་བདེ་གཞིས་ ཆགས་ཁག་གཉིས་ཀྱི་སྤྱི་མི་རྣམས་དང༌། གཏན་འཇགས་སློབ་གྲྭའི་འཛིན་གྲྭ་དགུ་བ་ནས་བཅུ་གཉིས་དང། བཅུ་གཉིས་ཐོན་ཟིན་པ་བཅས་ཀྱི་སློབ་མ་༡༣༠ ལྷག་དང་ཕ་མ་ཁག་ཅིག་བཅས་འདུ་འཛོམས་ཀྱིས་རིགས་གནས་འཆད་ཁྲིད་ཀྱི་མཛད་སྒོ་དངོས་ སུ་འགོ་བཙུགས་ཡོད་པ་རེད། སྐུ་མགྲོན་གཙོ་བོ་ལུགས་བསམ་ས་གནས་འགོ་འཛིན་ཀྱིས་ཕ་མ་རྒན་པ་ཚོས་དེང་སྐབས་ གཞོན་སྐྱེས་ཚོ་བོད་ཡིག་ཧ་ཅང་སྐྱོ་བོ་ཡིན་པ་གསུང་གི་ཡོད་པ་དངོས་ཡོད་རེད། དེང་སྐབས་གཞུང་ཞབས་ནང་ལ་ཡང་བོད་ཡིག་ཐོག་སྙན་ཞུ་འབྲི་བ་དང་ཡི་གེ་སྐུར་ཐུབ་པ་ ཙམ་ལས་ཤེས་ཚད་དང་གནས་ཚད་ལྡན་པ་ཧ་ཅང་དཀོན་པོ་རེད། ཆུང་དུས་ནས་དོ་སྣང་སྤྲོད་དགོས་པ་གལ་ཆེན་པོ་རེད་ཅེས་གསུང་བཤད་གནང་ཡོད་པ་རེད།
འཛིན་གྲྭ་དངོས་སུ་འགོ་འཛུགས་ཞུས་པ་དང། རྒན་བསྟན་དར་ལགས་ཀྱིས་སློབ་མ་རྣམས་ཀྱི་ཤེས་ཚད་ལ་ཚོད་རྒྱུགས་ཤིག་ཆེད་དུ་ སློབ་མ་རྣམས་ལ་རང་རང་གི་མིང་བོད་ཡིག་ཐོག་ཀློག་བཅུག་སྐབས། འཛིན་གྲྭ་མཐོ་དམན་ལ་མ་ལྟོས་པའི་སློབ་མ་མང་པོ་ཞིག་གིས་བོད་ཡིག་ཐོག་ཀློག་ འབྲི་མ་ཤེས་པའི་གནས་ཚུལ་བྱུང་སྟེ། བྷེལ་ཀོབ་གཏན་འཇགས་སློབ་མའི་བོད་ཡིག་ཤེས་ཚད་ཧ་ཅང་སྐྱོ་པོ་ཡིན་པ་བསྟན་ཡོད་པ་ རེད། རིགས་གནས་འཆད་ཁྲིད་འདི་གཏན་འཇགས་སློབ་གྲྭའི་གུང་སེང་དང་བསྟུན་ནས་ཟླ་གཅིག་ རིང་བྱ་རྒྱུ་ཡིན་པ་རེད།།
མེ་སོར་གསར་འགོད་པས།