རྒྱ་གར་ཀོང་རི་སི་ཚོགས་པར་བོད་མིའི་འཚམས་འདྲི།
ཟླ་འདིའི་ཚེས་༡༧ ཉིན་རྒྱ་གར་གྱི་ཀོང་རི་སི་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས་པ་དང༌། བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀོང་རི་སི་ཆབ་སྲིད་ཚོགས་པར་སླར་ཡང་ལོ་ལྔའི་རིང་འཛིན་སྐྱོང་གི་རྒྱལ་ཁ་ཐོབ་པར། འཚམས་འདྲི་ཞུས་ཡོད་པ་དང༌། སྤྱི་འཐུས་ཀྱི་སྐུ་ཚབ་བོད་མི་དམངས་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང༌། སྤྱི་འཐུས་ཚོགས་གཙོ་ཟུར་པ་རྐ་མ་ཆོས་འཕེལ། སྤྱི་འཐུས་བསོད་ནམས་བསྟན་འཕེལ་བཅས་རྒྱ་གར་གྱི་རྒྱལ་ས་ལྡིར་ཆེད་ཕེབས་ཀྱིས་འཚམས་འདྲི་ཞུས་ཡོད་པ་རེད།།