མདོ་ཁམས་གསེར་རྟ་ཨ་སྐྱབས་མཁན་ལེབ་དགོན་པའི་འདུས་སྡེ་སྤྱི་ཡི་འཚོ་རྟེན་གྱི་ ཆེད་དང་འདུ་ཁང་ཆོས་ར་སོགས་རྒྱ་བསྐྱེད་དང་ཡར་རྒྱས་གཏོང་ཆེད་དགེ་སྐུལ་ཞལ་ འདེབས་འབུལ་ཡུལ།
བོད་གཞུང་ཆོས་རིག་ལས་ཁུངས་དང། སྔ་འགྱུར་རྙིང་མའི་དབུ་འཛིན་ཟུར་པ་ྋསྐྱབས་རྗེ་གྲུ་དབང་པད་ནོར་རིན་པོ་ཆེས་གཙོས་པའི་བླ་ཆེན་ཁག་ཅིག་གིས་གཞིས་དགོན་དེ་ཉིད་ཀྱི་བསྟན་དོན་བསྒྲུབ་ཆེད་དུ་དམིགས་ཏེ་ཐུགས་དགྱེས་བསྔགས་བརྗོད་བླ་མེད་གནང་བ་མ་ཟད། རྒྱབ་གཉེར་ཕྱག་ཡིག་དང་བཅས་པ་གནང་སོན་བྱུང་བ་ལྟར། ཕྲན་གྱིས་ད་ལམ་གོང་འཁོད་གཞིས་དགོན་དེ་ཉིད་ཀྱི་འབྱུང་འགྱུར་མ་རྩར་དམིགས་ནས་བལ་ཡུལ་དུ༼སྔ་འགྱུར་གསང་སྔགས་རིག་འཛིན་འདུས་པའི་ཆོས་ཚོགས༽ཞེས་པ་ཞིག་གསར་འཛུགས་བྱས་པ་མ་ཟད། ཆོས་ཚོགས་དེའི་ནང་རྒྱུན་ལྡན་དགེ་འདུན་ཞལ་གྲངས་ལྔ་ཙམ་གྱིས་དམིགས་བསལ་ཚེ་བཅུ་ཉེར་ལྔ་དང་དུས་བཟང་ཁྱད་པར་ཅན་སོགས་ལ་འཛམ་གླིང་ཞི་བདེ་དང་རྒྱལ་བསྟན་དར་རྒྱས་ཡོང་བ། ྋགོང་ས་སྐྱབས་མགོན་ཆེན་པོར་ཞབས་བརྟན་སོགས་གསོག་སྒྲུབ་གནང་དང་གནང་བཞིན་ཡོད་པ་ལགས་ན། བོད་ཕྱི་ནང་གཉིས་སུ་གནས་པའི་དགོན་པ་དེའི་དགེ་འདུན་ཞལ་གྲངས་ ༡༠༠ ལྷག་གི་སློབ་གཉེར་གྱི་མཐུན་རྐྱེན་ལ་དམིགས་པ་ཡིན་མོད། ཕྲན་གྲྭ་རྐྱང་ཞིག་གིས་ཆེན་པོ་སྒྲུབ་ཐབས་མ་མཆིས་ཀྱང། དད་ལྡན་ལྷག་བསམ་གྱིས་ཕྱུག་ཅིང་རྣམ་དཀར་དགེ་ཚོགས་ལ་མོས་པའི་རིས་མེད་སྐྱེས་བུ་མཆོག་དམན་སུ་ཡིན་ཡང་དགོན་སྡེ་འདི་ལ་མཐུན་འགྱུར་རོགས་རམ་གནང་སྐྱོང་ཡོང་བ་དང། རྒྱ་མཚོར་དཀར་ཐིག་གི་དཔེ་ལྟར། ཞལ་འདེབས་གྱི་བཀའ་དྲིན་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད་པ་ལགས་ན་དད་འདུན་གཡོ་བ་མེད་པའི་མཆོད་སྦྱིན་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། །
འབྲེལ་བ་གནང་ཡུལ།
བོད་ནང༌། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་སྟེན་ཆུ་ཆུས་མཁན་ལེབ་ཤང་ཨ་སྐྱབས་སྡེ་བ།
གསེར་རྟ་ས་གནས་ཡིག་རྟགས་ཨང་གྲངས་ ༦༢༦༦༠༠ རེད། མཁན་ལེབ་དགོན་པའི་ཁ་པར་ཨང་གྲངས། ༠༠༨༦།༡༥༩༨༣༧༤༥༨༩༩ ཡིན།
བལ་ཡུལ། ཁ་པར། ༠༠༩༧༧ ༩༨༠༣༤༤༠༩༡༨ ཡང་ན།
རྒྱ་གར། ཁ་པར། ༠༠༩༡ ༩༨༠༥༢༧༡༦༦༦
གློག་འཕྲིན། E_mail, tulku_choeyang@yahoo.com
དབོན་སྤྲུལ་ཆོས་དབྱིངས་རང་གྲོལ་རིན་པོ་ཆེས། ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༡༩ ལ།།