འདན་ཆོས་འཁོར་དགོན་གྱི་དགེ་འདུན་པ་ཁག་ཅིག་ལ་ཁྲིམས་ཆད།

    མཁན་པོ་བསྟན་འཛིན་རྒྱལ་མཚན་དགུང་ལོ་༣༧ ཡིན་པ་དང། དགོན་དེའི་ནང་མི་རིགས་ཁ་བྲལ་གྱི་ལས་འགུལ་སྣེ་འཁྲིད་བྱེད་མཁན་བྱེད་གཏེ་གཙོ་བོ། ཏཱ་ལའི་རུ་ཚོགས་ཀྱི་ངན་སྐུལ་རྗེས་འབྲང་བ་ཞེས་ནག་ཉེས་བཙུགས་ཏེ་ཁྲིམས་ཆད་ལོ་༡༥ དང། དགེ་བསྐོས་ཟུར་པ་རྒན་ཉི་གཅེས་དགུང་ལོ་༥༠ དང། གཉེར་ཟུར་རྒན་ངག་དབང་བཀྲ་ཤིས་དགུང་ལོ་༥༡ གཉེར་ཟུར་གྲྭ་བཀྲ་རྡོ་དགུང་ལོ་༣༠ བཅས་ཡིན་པ་ཁོང་རྣམས་ཕྱི་ཟླ་ཚེ༡ ཚེས་༥ ཉིན་འབར་རྫས་གཡུགས་མཁན་དང། མི་རིགས་ཁ་བྲལ་གྱི་ཉེས་ཉེས་མིང་འོག་ཁྲིམས་ཆད་ལོ་༡༥ རེ་བཅད་ཡོད་འདུག དབུ་མཛད་ཆེན་མོ་རྒན་འཇམ་དབྱངས་ཤེས་རབ་ལགས་དགུང་ལོ་༤༢ དང། འདི་ལོའི་ཕྱི་ཟླ་༡ ཚེས་༡༦ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་དགོས་པ་སོགས་ཀྱི་དོན་ཚན་སྣ་ཚོགས་འཁོད་པའི་ཡིག་ཆའི་ཐོག་ཏུ་མཚན་རྟགས་འགོད་དགོས་སྐོར་བརྗོད་སྐབས་དེ་ནི་ང་ཚོའི་དུས་ནམ་ཡང་ཁས་ལེན་མི་ཐུབ་ལ་དེ་ལས་ཤི་བ་དགའ་སོགས་བརྗོད་ནས་ངོས་ལེན་མ་བྱས་པས་རྒྱ་གཞུང་ལ་ངོ་རྒོལ་དང༌། མི་རིགས་ཁ་བྲལ་གྱི་ལས་འགུས་སྤེལ་མཁན། ཏཱ་ལའི་རུ་ཚོགས་ཀྱི་ངན་སྐུལ་རྗེས་འབྲངས་པ་རེད་ཅེས་ལོ་༡༣ ཀྱི་ཁྲིམས་ཐག་བཅད་ཡོད་འདུག དགེ་བསྐོས་ཟུར་པ་ཚེ་རིང་དཔལ་ལྡན་དགུང་ལོ་༣༦ དང༌། མི་རིགས་ཁ་བྲལ་གྱི་གཏོར་བཤིགས་དང༌། ངན་བསྐུལ་རྗེས་འབྲངས་པ་ཡིན་ཞེས་ལོ་༡༢ ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད། གོང་གསལ་དགེ་འདུན་པ་རྣམས་ནི་༢༠༠༩།༡།༥ ནས་བཟུང་ལྡན་ཆོས་འཁོར་དགོན་དུ་འབར་རྫས་དོན་རྐྱེན་དང་དགེ་འདུན་པས་སྣེ་ཁྲིད་ཏེ་མི་མང་སུམ་བརྒྱ་ལྷག་འདུ་འཛོམས་ཐོག་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ནས་བཟུང་ཆབ་མདོ་དང་འཇོ་མདའ་རྫོང་སོགས་ནས་ཡོང་བས་དམག་དཔུང་དང་ཉེན་རྟོག་པ་ཟུང་འབྲེལ་ཐོག་འཛིན་བཟུང་བྱས་ནས་ཟླ་བ་ལྔ་ལྷག་རིང་དུ་འཇོ་མདའ་རྫོང་དུ་དོ་དམ་བཀག་ཉར་དང་རྡུང་རྡེག་བཏང་བ་མ་ཟད། ནང་མི་སྤུན་ཉེ་སོགས་སུ་གཅིག་ཐུག་འཕྲད་བྱེད་བཅུག་མེད་ཅེས་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་སོང།།