ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ།
ཁོང་གིས་སྐྱེས་འགྲོ་སུ་ཡིན་ན་ལུས་སྟེན་འཚོ་བར་ཁོར་ཡུག་ཡག་པོ་དགོས་པ་དང༌། དེ་ལ་ཆུ། རླུང༌། རྩི་ཤིང་སོགས་དགོས་ཀྱི་ཡོད་པ་རེད།
རྩི་ཤིང་ཡོད་ན་ཆུ་ཡག་པོ་དང་ཐལ་རྡུལ་མེད་པས་མི་ཚང་མའི་འཕྲོད་བསྟེན་ཡག་པོ་ཡོང་གི་ཡོད་པ་དང༌། ཞི་བདེ་ཡོང་གི་རེད་ཅེས་སོགས་ཁོར་ཡུག་བདག་སྐྱོང་གལ་ཆེན་ཡིན་སྐོར་བརྗོད་ཡོད་པ་རེད། དེ་བཞིན་ཁོང་གིས་གད་སྙིགས་བདག་པོ་རྒྱག་སྟངས་དང་བུད་མེད་ཚོ་ནང་གི་ཨ་མ་ཞིག་ཡིན་པའི་ཆ་ནས་འགན་ཁུར་ལྷག་པ་ཡོད་སྐོར་སོགས་གསུངས་རྗེས། འབྲས་ལྡན་ཤིང་སྡོང་༤༢༠ དང་བསིལ་གྲིབ་ཅན་གྱི་ཤིང་སྡོང་༡༨༠ བཅས་ཁྱོན་ཤིང་སྡོང་དྲུག་བརྒྱ་འདེབས་འཛུགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལགས་ཀྱིས།