རྩེད་འགྲན་སྐབས་འཁྲུག་རྩོད།

རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་བྱས་ནས་ཉིན་བརྒྱད་འགྲོ་ཡི་ཡོད་པ་དང། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་འདིའི་ཚེས་༦ ཉིན་ཟློས་གར་རུ་ཁག་དང། ཅོང་ད་ར་རུ་ཁག་གཉིས་རྩེད་འགྲན་བྱེད་སྐབས། ཟློས་གར་རུ་ཁག་གིས་སྤོ་ལོ་༦ བླུགས་པའི་མཚམས་དེར་རྩེད་འགྲན་པའི་བར་འཁྲུག་རྩོད་ཤོར་ཡོད་འདུག རྩེད་འགྲན་པ་འཁྲུག་རྩོད་ཤོར་མ་ཐག་མང་ཚོགས་ནང་རྒྱབ་རྩར་ལངས་རེས་བྱས་ཏེ། རྡོ་གཞུ་རེས་བྱས་པ་དང། རྒྱ་གར་ཉེན་རྟོག་པ་བཅུ་གྲངས་ཤིག་ལས་མེད་པས། བར་འདུམ་མ་ཐུབ་པར་ཕན་ཚུན་རྨས་སྐྱོན་ཡང་བྱུང་ཡོད་འདུག བར་འདུམ་བྱེད་མཁན་གྱི་ཉེན་རྟོག་པ་བུད་མེད་ཅིག་གི་མགོར་ཡང་རྡོ་ཕོག་ནས་སྨན་ཁང་དུ་བསྐྱོད་དགོས་བྱུང་ཡོད་འདུག །