བྱང་ཀོ་རི་ཡའི་སྲིད་འཛིན་གྱི་རྒྱུན་འཛིན་པར་བསྐོ་བཞག།
དེ་ཡང་ལོ་མང་རིང་གཅུང་ནད་ཀྱིས་མནར་བའི་བྱང་ཀོ་རི་ཡའི་སྲིད་འཛིན་ནི་རྒྱ་ནག་དང་འབྲེལ་འདྲིས་ཆེ་ཞིང༌། ཨ་རི་གཙོ་བོར་གྱུར་པའི་རྒྱལ་ཁབ་༦ ལས་གྲུབ་པའི་ལྷན་ཚོགས་དང༌། མཉམ་འབྲེལ་རྒྱལ་ཚོགས་གཉིས་ཀྱིས་ཞི་དྲག་གཉིས་ཐོག་ནས་རྡུལ་ཕྲིན་བཟོ་སྐྲུན་མི་ཆོག་པའི་ཉེན་བརྡ་ཇི་ཙམ་བཏང་ཡོད་རུང༌། རང་འདོད་ཀྱིས་ཚོད་ལྟ་བྱས་པས་འཛམ་གླིང་ནང་གི་སྲིད་འཛིན་ལྟ་བ་མཁྲེགས་ཤོས་ཀྱི་གྲས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང། ཁོང་ལ་བུ་༣ ཡོད་རུང་རྒན་པ་གཉིས་སུད་སི་ཡི་སློབ་གྲྭར་བཏང་ཡོད་པ་དང་ཆུང་ཤོས་སྲིད་འཛིན་གྱི་རྒྱུན་འཛིན་པར་བསྐོ་བཞག་བྱས་ཡོད་པ་རེད།
འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་མང་པོས་དཀྱིལ་ཤར་རྒྱལ་ཁབ་ཨི་རན་དང། ཨེ་ཤ་ཡའི་རྒྱལ་ཁབ་བྱང་ཀོ་རི་ཡ། འབར་མ་གསུམ་མ་འོངས་པར་རྡུལ་ཕྲིན་མཚོན་ཆ་ནུས་ལྡན་ཆགས་སྲིད་པ་དང། དམག་དང་གོ་མཚོན་གྱིས་ལྟེ་གནས་ཤིག་ཆགས་སྲིད་པའི་སྔོན་དཔག་བྱེད་ཀྱི་ཡོད་པས། རྒྱལ་ཁབ་དེ་དག་གི་སྲིད་འཛིན་དང་དམག་སྤྱི་སོགས་དཔོན་རིགས་ཁག་འཕོ་འགྱུར་བྱེད་སྐབས། མང་གཙོའི་རྒྱལ་ཁབ་ཚོས་མང་གཙོའི་ལྟ་གྲུབ་ལ་གོ་རྟོགས་ཡོད་མཁན་དང་འཛམ་གླིང་གི་ཁྲིམས་ལ་བརྩི་སྲུང་བྱེད་མཁན་ཞིག་ཡོང་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་རུང༌། མང་ཆེ་བར་ཤུགས་རྐྱེན་ཐེབས་རྒྱུར་ཧ་ཅང་གི་ཁག་པོ་ཡིན་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།