ས་ག་ཟླ་བར་མི་མང་ལ་ནང་ཆོས་ངོ་སྤྲོད།
དེ་བཞིན་མོན་གྷོ་གཞིས་གྲོང་ལྔ་བའི་ནང་ཆོས་ངོ་སྤྲོད་བྱེད་མཁན་དགེ་བཤེས་ཏྲོ་ཧོར་ཟླ་བ་ཚེ་རིང་ལགས་ཀྱིས་གསུང་དོན། ངས་ལོ་ཁ་ཤས་ལ་ནང་ཆོས་ལ་སློབ་གཉེར་བྱས་པ་ཡིན་ཡང་ནང་ཆོས་ཡག་པོ་ཤེས་ཀྱི་མེད། འོན་ཀྱང་ང་ལོ་འདིའི་དགེ་བཤེས་ལྷ་རམས་པ་ཡིན་ཙང༌། ཕྱག་མཛོད་ཁང་གིས་འདི་གར་ནང་ཆོས་ངོ་སྤྲོད་བྱེད་རྒྱུའི་གོ་སྒྲིག་གནང་བ་རེད། དེ་འདྲ་ཡིན་དུས་ང་ཚོ་ཚང་མའི་ྋགོང་ས་སྐྱབས་མགོན་མཆོག་གི་དགོངས་གཞི་གཞིར་བཟུང་ཐོག་མི་སྐྱ་དང་གྲྭ་པ་དབྱེ་བ་མེད་པར་ནང་ཆོས་ཐོས་བསམ་ལ་རང་ནུས་གང་ཡོད་ཀྱིས་འབད་བརྩོན་བྱེད་དགོས་པ་རེད། ལྷག་པར་དུ་ས་ག་ཟླ་བ་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སྐུ་འཁྲུངས་པ་དང༌། མྱ་ངན་ལས་འདས་པ། མངོན་པར་རྫོགས་པར་སངས་རྒྱས་བའི་དུས་ཆེན་ཁྱད་ཅན་འདི་ལ་ང་ཚོའི་ནམ་རྒྱུན་ལས་ལྷག་པའི་དགེ་སྒྲིག་སྡིག་སྤོང་གང་ཐུབ་བྱེད་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་སོང།།
མོན་གྷོ་གསར་འགོད་པས།