བཀའ་ཁྲི་དགོངས་ཞུའི་སྐོར་དེ་བདེན་པ་མ་རེད།
རྒྱ་གར་གྱི་དུས་བབ་གསར་ཤོག་ཐོག་འཁོད་དོན། ལོ་འདིའི་ཕྱི་ཟླ་༥ པའི་བདུན་ཕྲག་དང་པོར་ྋགོང་ས་མཆོག་ཨ་རིར་ཆིབས་བསྒྱུར་མ་གནང་བའི་སྔོན་དུ། བཀའ་བློན་ཁྲི་པ་མཆོག་གིས་ཕྱག་རོགས་བཀའ་བློན་ནང་ཁུལ་དུ་ཁོང་གི་གསར་བརྗེའི་ཕྱག་ལས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པས། བཀའ་བློན་གྱི་དུས་ཡུན་ད་དུང་ལོ་གྲངས་༢ ལྷག་ཡོད་མེད་ལ་མ་ལྟོས་པར་རྩ་དགོངས་གནང་སྐྱོང་ཡོང་བའི་དགོངས་ཚུལ་ྋགོང་ས་མཆོག་ལ་ཞུས་ཡོད་པ་རེད། དང་ཐོག་ྋགོང་ས་མཆོག་གིས་དགོངས་བཞེས་གནང་ཡོད་ཀྱང༌། རྗེས་སུ་གནས་ཚུལ་དེ་རྒྱ་ནག་ཕྱོགས་ནས་འགྲེལ་ལོག་རྒྱག་སྲིད་པ་དང་བོད་ཀྱི་དབུ་ཁྲིད་ཚོར་གནོད་གཞི་འབྱུང་བའི་ཁྱབ་བསྒྲགས་བྱེད་སྲིད་པ་རེད་ཅེས། བཀའ་བློན་ཁྲི་པར་རྩ་དགོངས་ཀྱི་བཀའ་ཁྲོལ་གནང་མེད་པ་རེད་ཅེས་འཁོད་ཡོད་པ་རེད།།