མཉམ་འབྲེལ་རྒྱུན་ལས་གསར་འདེམས།
དེ་ཡང་བསྟན་པ་ཀྲི་ཀེ་ལགས་ཀྱིས་གསུང་དོན། འོས་འདེམས་བྱེད་སྐབས་ཁྱོད་ཕྱོགས་ང་ཕྱོགས་མེད་པར་དྲང་པོ་དྲང་བཞག་གིས་འདེམས་བསྐོ་མ་ནོར་བ་བྱེད་དགོས་པ་རེད་ཅེས་གསུངས་སོང༌། དེ་བཞིན་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གསུང་དོན། ས་འཐུས་ཚོགས་གཙོ་ནས་བཟུང་མི་མང་གི་སྐུ་ཚབ་ཚང་མ་མི་མང་རང་ཉིད་ཀྱིས་བསྐོ་བཞག་བྱེད་ཀྱི་ཡོད་པས། སོ་སོ་རང་ཉིད་ཀྱི་ཚབ་མཚོན་ཐུབ་ངེས་ཅན་ཞིག་དང༌། རྗེས་སུ་བློ་འགྱོད་མེད་པ་ཞིག ལྷག་པར་ཤེས་འཇོན་གཉིས་ལྡན་ཅན་འདེམས་ཐོན་ཡོང་རྒྱུ་ལ་འབད་བརྩོན་བྱེད་དགོས་པ་རེད། ས་གནས་མཉམ་འབྲེལ་འདི་མི་མང་ལ་མེད་ཐབས་མེད་པ་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། དེ་འདྲ་ཡིན་དུས་རང་དོན་རང་གཅེས་ཀྱིས་འོས་འདེམས་མ་ནོར་བ་ཞིག་བྱེད་དགོས་པ་རེད་ཅེས་བཀའ་སློབ་ལམ་སྟོན་གནང་སོང༌། དེ་ཡང་ས་གནས་མཉམ་འབྲེལ་རྒྱུན་ལས་མི་དགུ་འདེམས་ཐོན་བྱུང་ཡོད་པ་རེད།། མོན་གྷོ་གསར་འགོད་པས།