ང་ཚོར་ཉིན་ཞིག་རྒྱལ་ཁ་ཐོབ་ངེས།

གང་ཡིན་ཟེར་ན། ད་ལྟ་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བའི་མི་མང་གི་རྒྱབ་སྐྱོར་ཤུགས་ཆེན་ང་ཚོར་ཐོབ་ཀྱི་ཡོད་པ་རེད། དེ་མ་ཟད་རྒྱ་ནག་མི་མང་གིས་ཀྱང་ང་ཚོ་ལ་གང་འཚམས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས། ང་ཚོའི་མི་རེ་ངོ་རེ་ནས་འགན་ཁུར་ནས་རྡོག་རྩ་གཅིག་སྒྲིལ་དང་དཔུང་པ་མཉམ་གཤིབ་ཀྱིས་བོད་རང་བཙན་འཐབ་རྩོད་དང༌། སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་སོགས་ལ་འབད་བརྩོན་བྱེད་དགོས་པ་རེད། དེ་བཞིན་གདན་ས་ཁག་གི་གྲྭ་བ་ཚོས་ཀྱང་སོ་སོའི་བསླབ་པ་སློབ་གཉེར་ཡང་དག་པ་ཞིག་བྱེད་རྒྱུ་གཞིར་བཞག་གི་ཐོག འཚམས་འཚམས་ལ་གཞུང་དང་གཞུང་འབྲེལ་མ་ཡིན་པ་སུས་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བ་ཡིན་ན། དེར་གདུང་སེམས་མཉམ་བསྐྱེད་ཀྱི་མཐུན་འགྱུར་རོགས་རམ་གང་ཐུབ་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གྱི་གསུང་བཤད་གནང་སོང།
་                        མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།