བོད་ནང་དུ་གངས་ཀྱི་གནོད་སྐྱོན།
དེ་ནི་ལོ་བཅུ་ལྷག་གི་རིང་དུ་འབྲི་སྟོད་རྫོང་ལ་ཐེངས་དང་པོར་ལོ་གཅིག་གི་ནང་གངས་གནོད་ཐེངས་གཉིས་ལ་ཐེབས་ཡོད་འདུག་ལ། ཐེངས་འདིར་འབྲི་སྟོད་རྫོང་གི་ཤང་དང་གྲོང་བརྡལ་བཞི་དང་འབྲོག་དམངས་ཨུ་ཡོན་ལྷན་ཁང་སོ་དྲུག་ལ་གངས་གནོད་དེ་ཐེབས་པ་དང༌། ཟླ་ལྔ་པའི་ཚེས་༣༡ ཉིན་བར་རྫོང་ཡོངས་སུ་ཕྱུགས་ཟོག་༢༢༤༥༨ ཤི་ཡོད་འདུག འོན་ཀྱང་གངས་སྐྱོན་ཡོང་གཞི་གང་ཞིག་ཡིན་མིན་བཀོད་མེད་པ་རེད།།