ཨི་རན་སྲིད་འཛིན་ལ་སླར་ཡང་རྒྱལ་ཁ་ཐོབ་འདུག
འོས་བསྡུ་ཆེན་མོ་འགོ་བཙུགས་པ་དང་མཉམ་དུ། ཕྱོགས་འགལ་ཚོགས་པས་ཁྲོམ་གཞུང་ཁག་ནས་གཞུང་གི་རླངས་འཁོར་སོགས་མེར་བསྲེག་གཏོང་འགོ་བཙུགས་ཡོད་ཅིང༌། ཨི་རན་གྱི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་མ་དང་དུས་དེབ་རྩོམ་སྒྲིག་པ་སོགས་ཀྱིས། ད་ལྟའི་སྲིད་འཛིན་བཀས་བཀོད་རྒྱུད་འཛིན་པ་དང༌། གཞུང་གི་དཔལ་འབྱོར་འདུ་འགོད་ལས་རྡུལ་ཕྲན་མཚོན་ཆ་གལ་ཆེ་བ་འཛིན་གྱི་ཡོད་པའི་སྐོར་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཕྱོགས་འགལ་ཚོགས་པ་དང། ནུབ་ཕྱོགས་རྒྱལ་ཁབ་སོགས་ཀྱིས་འོས་བཤེར་ཚུལ་མཐུན་བྱུང་མེད་པའི་ངོ་རྒོལ་བྱས་ཡོད་ཀྱང༌། སྲིད་འཛིན་མཱ་མོ་ཌི་ཡིས། ཨི་རན་གྱི་མི་མང་ས་ཡ་༤༠ ཐམ་པས་གཞུང་དང་སྒེར། འཕྲལ་དང་ཕུགས་ཀྱི་ཁེ་ཕན་ལ་བསམ་བློ་བཏང་ནས་གྲུབ་འབྲས་འདི་བྱུང་ཡོད་པ་རེད། དེ་བཞིན་རྒྱལ་ཁབ་འགའ་རེས་ཨི་རན་ལ་མང་གཙོའི་རང་དབང་མི་འདུག་ཟེར་བར་དེ་བས་ཀྱང་མགོ་འཁོར་མེད་པའི་རྟགས་མཚན་ཡག་པོ་ཞིག་རེད་ཅེས། རྒྱལ་ཁའི་མཛད་སྒོའི་ཐོག་གཏམ་བཤད་སྤེལ་ཡོད་པ་རེད།།