འབའ་ཐང་གི་བརྒྱ་དཔོན་བཀྲ་ཤིས་འཇུ་བཟུང།
གནས་ཚུལ་དེའི་རྐྱེན་གྱིས་ཕྱི་ཟླ་༦ པའི་ཚེས་༡༩ ཉིན་སྒང་རི་ལུང་པའི་བརྒྱ་དཔོན་བཀྲ་ཤིས་ (ལོ་༤༠ སོན་པ། ཕ་མིང་དབུ་རྒྱན་རིག་འཛིན། མ་མིང་ཨ་སྐྱིད། བཟའ་ཟླའི་མིང་བདེ་སྐྱིད་ལྷ་མོ།) དེ་ཉིན་འབའ་ཐང་རྫོང་དུ་ཅ་དངོས་ཉོས་ནས་ནང་དུ་ལོག་ཡོང་སྐབས་ལམ་བར་དུ་རྫོང་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང། འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་སྔོན་འབར་གས་ཀྱི་དོན་རྐྱེན་བྱུང་བ་དེ་བཀྲ་ཤིས་ཀྱིས་བརྒྱུད་སྐུལ་བྱས་པ་ཞིག་ཡིན་ཚུལ་བསྙོན་འཛུགས་བྱས་ཡོད་ཀྱང། ད་ལྟའི་ཆར་ས་གནས་གང་ཞིག་ཏུ་བཀག་ནར་བྱས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་པ་རེད།།