ཁ་ཆེར་འབྲེལ་མཐུད་སྐུ་ཚབ་གསར་བསྐོས།

    ཨ་རིའི་རྒྱལ་དོན་དྲུང་ཆེས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག ཨོ་བྷ་མའི་འཛིན་སྐྱོང་གི་ངོས་ནས་ཁ་ཆེའི་རྒྱལ་ཁབ་ཁག་དང་འབྲེལ་བ་དམ་འཛིན་བྱེད་རྒྱུ་གལ་ཆེན་དུ་བརྩི་བཞིན་ཡོད་པས། ཁ་ཆེར་འབྲེལ་མཐུད་སྐུ་ཚབ་ལྕམ་ཧྤ་རཱ་པན་ཌི་ནི་ཁ་ཆེའི་རྒྱལ་ཁབ་ཁག་དང་ལྷན་དུ་ལས་ཀ་མང་པོ་བྱས་པའི་ཉམ་མྱོང་ཡོད་པ་མ་ཟད། ཡུ་རོབ་དང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཁ་ཆེའི་རྒྱལ་ཁབ་ཚོ་དང་འབྲེལ་བ་བྱེད་ཐབས་ཀྱི་སློབ་སྟོན་པ་ཟུར་པ་ཡིན་པས། འབྱུང་འགྱུར་ཨ་རི་དང་ཁ་ཆེ་རྒྱལ་ཁབ་དབར་འབྲེལ་ལམ་གསར་འཛུགས་ལ་ཕན་ཐོགས་ཡོང་ངེས་རེད་ཅེས་བརྗོད་ཡོད་པ་རེད།