བོད་ཀྱི་དཔེ་མཛོད་ཁང་གི་ཡིག་སྒྱུར་ཟབ་སྦྱོང།
སྦྱོང་བརྡར་ནང་བོད་ཀྱི་སྐད་ཡིག་དང་རྩོམ་རིག ཡིག་སྒྱུར་གྱི་ཐབས་ལམ་སོགས་ཟབ་ཁྲིད་གནང་གི་ཡོད་པ་རེད། ཟབ་སྦྱོང་འགོ་འཛུགས་ཀྱི་མཛད་སྒོའི་སྐབས་ཟབ་སྦྱོང་སྤྲོད་མཁན་རྣམ་པ་ཚོས། ཟབ་སྦྱོང་འདིས་སྐད་སྒྱུར་གྱི་རྨང་གཞི་བརྟན་པོ་འཇོག་ཐུབ་རྒྱུ་ཡིན་པ་དེ་ང་ཚོའི་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་ཟབ་སྦྱོང་གི་དམིགས་ཡུལ་འགྲེལ་བརྗོད་བྱས་ཡོད་པ་རེད།།