བོད་ཡིག་ལ་རིན་ཐང་གང་འདྲ་ཞིག་སྤྲད་དགོས།
བོད་ཡིག་གི་ཚིག་དང་ཐ་སྙད་སོགས་མ་འདང་བ་ཞིག་གཏན་ནས་མིན། རྒྱུ་མཚན་ནི་བོད་ཀྱི་སྐད་ཡིག་ནི་ཕྱུག་པོ་ཞིག་ཡིན་པས་དེར་དབྱིན་ཡིག་དང་བསྲེ་དགོས་དོན་གང་ཡང་མཐོང་གི་མི་འདུག དེ་ནི་བོད་ཡིག་ལ་རིན་ཐང་སྤྲད་པ་ཞིག་དང༌། བོད་རྒྱ་མིས་དབང་བསྒྱུར་པ་ལྟར་བོད་ཡིག་ནི་དབྱིན་ཡིག་གིས་དབང་བསྒྱུར་པ་ཕོ་རྒོད་སུ་ཞིག་གི་རྟོགས་ཐུབ་བམ། སྐད་ཡིག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་དགོས་ན། ཚགས་ཤོག་ཞིག་ཡིན་རུང་བོད་ཡིག་གཙང་མ་འབྲི་རྒྱུ་ཤིན་ཏུ་གལ་ཆེ། དེའི་ཐོག་ཐུགས་བསམ་རེ་བཞེས་ནས་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་དང་བོད་སྐད་ཀྱི་བདག་པོ་ང་ཚོ་ཡིན། ང་བོད་རིགས་སློབ་མ་ཞིག་ཡིན་པའི་ཆ་ནས་འདི་ལྟར་འབྲི་བ་ནི་བོད་ཡིག་དང་བོད་མི་རིགས་ནི་རི་བོ་ལྟར་བརྗིད་ཆགས་ལྡན་པ་དང་ཆུ་བོའི་རྒྱུན་ལྟར་བཞུར་ཆོག་ཨང་བསམ་པ་ཡིན་མ་གཏོགས། ངས་རྩོམ་སྒྲིག་པ་དང་གསར་འགོད་པ་དག་ལ་ངོ་ལོག་ཅིག་གཏན་ནས་མིན། །