ནང་ཆོས་ནི་དོ་སྣང་བྱེད་ཡུལ་ཞིག་ཆགས་ཡོད།

ད་ཆ་འཛམ་བུ་གླིང་དུ་རང་རེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་བསྟན་ཆོས་ལུགས་འདི་ཉིད་ཀྱིས་རྣམ་དཔྱོད་ལྡན་པའི་ཚན་རིག་པ་དང་མཁས་པ་མང་པོའི་ཡིད་དབང་ཕྲོགས་ཏེ། དོ་སྣང་བྱ་ཡུལ་གལ་ཆེན་ཞིག་ཏུ་ཆགས་ཡོད་པ་ནི་དགའ་སྤོབས་སྐྱེ་འོས་པའི་གནས་སུ་མཆིས། ཡིན་ན་ཡང། ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ཀྱི་ནང་ལ། ནང་པ་སངས་རྒྱས་པའི་ཆོས་ལ་ལོག་ལྟ་སྐུར་འདེབས་བྱེད་མཁན་རེ་གཉིས་ཡོད་པ་འདི་དག་ནི་ཆོས་ཀྱི་སྙིང་དོན་མ་གོ་བའམ། གཞན་གྱི་རྗེས་སུ་འབྲངས་ནས་ཁས་ལེན་ཙམ་ཡིན་མོད། ཡང་འགའ་རེས་ལུས་ལ་གྲྭ་ཆས་གྱོན་ནས་ཧམ་བཤད་དང་རྫུན་གཏམ་གྱི་འཁོར་ལོ་བསྐོར་ནས། རྩ་ཆེན་གྱི་བོད་པའི་ཆོས་དང་རིག་གཞུང་ལ་ཁྱད་གསོད་དང༌། ཆོས་ཉམས་ལེན་བྱེད་མཁན་གྱི་དགེ་འདུན་གྱི་སྡེ་ལ་སྐུར་འདེབས་བྱེད་པ་སོགས་སྤྱི་ཚོགས་ཀྱི་ནང་ལ་དཀྲུག་ཤིང་གི་རྣམ་པ་སྣ་ཚོགས་པ་ནི་རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱི་རྒྱུག་ཁྱི་ཡིན་པ་མངོན་དུ་གསལ། བྱ་སྤྱོད་འདི་དག་གི་རིགས་ལ་བོད་མི་ཡོངས་ཀྱིས་གཟབ་གཟབ་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེན་ཞིག་ཡིན་པར་སྣང།།