ཀརྨ་བསྟན་འཛིན།

མི་རབས་གསར་པའི་གླེང་སྟེགས་ཀྱི་གོ་སྐབས་འདྀ་བརྒྱུད་ནས་གུས་པས་ལ་རྒྱ་དང་ཕུགས་བསམ་ལས་འཕྲོས་ནས་རང་རིགས་སྤུན་ཟླ་ས་ཡ་དྲུག་གི་མདུན་དུ་ཞུ་འདོད་པ་ཞིག་ལ། རང་ཉིད་དང་ན་ཚོད་མཉམ་པའི་ན་གཞོན་ཕོ་མོ་ཚོས་འཕྲོད་བསྟེན་ལ་ངེས་པར་དུ་གཅེས་སྤྲས་གཟབ་ནན་བྱེད་རོགས་ཞུ་རྒྱུ་ཡིན། ལྷག་པར་དུ་དེང་དུས་འཛམ་གླིང་ནང་ཁྱབ་བརྡལ་འགྲོ་བཞིན་པའི་(HIV AIDS)གཉན་ནད་རེག་དུག་ལ་དོ་སྣང་དང་གཟབ་གཟབ་བྱེད་དགོས་པ་ཧ་ཅང་གལ་ཆེན་དུ་མཐོང། སྤྱིར་བཏང་འདི་ཚང་མས་མ་ཤེས་པའི་གནས་ཚུལ་ཞིག་མ་རེད། འོན་ཀྱང་གལ་པོ་ཆེ་ལ་ནན་ཏན་ཞེས་པ་ལྟར་གནད་དོན་འདི་ལ་རྒྱུན་གཏན་གཟབ་ནན་དང་དོགས་ཟོན་བྱེད་དགོས་པ་ནི་གལ་ཆེའི་ནང་གི་དོན་ཆེན་རེད། རང་ཉིད་བོད་ཀྱི་མི་རབས་གསར་པའི་ན་གཞོན་ཞིག་ཡིན་པ་དང། ཁྱད་པར་དུ་ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་ད་ལྟ་གཉན་ནད་རེག་དུག་འདི་ལུང་པ་གཞན་པ་བཞིན་ཁྱབ་མེད་པར་བརྟེན། ནད་གཞི་འདི་འགོག་ཐབས་སྐོར་ལ་གོ་རྟོགས་སྤེལ་རྒྱུར་དོ་སྣང་དང་འགན་ཁུར་བྱེད་ཀྱི་ཡོད། ནད་གཞི་འདི་རང་ཉིད་ཀྱིས་སྔོན་འགོག་དོགས་ཟོན་བྱེད་དགོས་པ་ལས་འགོས་ཟིན་རྗེས་བཅོས་ཐབས་མེད་པ་རེད། དེར་བརྟེན་ང་ཚོ་ཚང་མས་འཇིགས་སྣང་དང་སེམས་འཚབ་རང་བཞིན་གྱིས་བྱེད་དགོས་པའི་གནད་དོན་ཞིག་རེད། བསྡོམས་བརྒྱབ་ནས་ཞུས་ན། བོད་མི་རྩམ་གཟན་ཚང་མས་བཅོས་ཐབས་མེད་པའི་ནད་གཞི་འདི་ལ་ལྷོད་གཡེང་དང་སྣང་ཆུང་རྩ་བ་ནས་བྱེད་མི་རུང་བར། དོགས་གཟོན་དང་འགོག་སྲུང་བྱེད་རྒྱུར་འབད་བརྩོན་བྱེད་རོགས་ཞུ།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||