བོད་ནང་དུ་ས་ཡོམ་དང་ཆུ་ལོག་གི་གནོད་འཚེ།
དེ་བཞིན་བོད་ཤར་ཕྱོགས་དར་རྩེ་མདོ་རྫོང་ཁོངས་སུ་ཕྱི་ཚེས་༢༣ གྱི་ཐོ་རངས་ཆུ་ཚོད་༣ ཙམ་ལ་ཆར་ཤུགས་དྲག་པོ་བབས་པའི་རྐྱེན་གྱིས་ས་རུད་བྱུང་ནས་མི་ལྔ་བཅུ་ང་གསུམ་ཙམ་གར་སོང་ཆ་མེད་དུ་གྱུར་པ་དེ་ནི། དེ་གའི་འབྲེལ་ཡོད་ཀྱིས་བརྗོད་པ་ལྟར་ན་མི་དེ་དག་ལམ་བཟོ་མཁན་རྐྱང་རྐྱང་ཡིན་འདུག གཞན་ཡང་ཨ་མདོ་རྨ་ཆུ་རྫོང་ཁོངས་སུ་ལོ་བརྒྱ་ལྷག་རིང་གི་ཆར་ཤུགས་ཆེ་ཤོས་དེ་བབས་ནས་མི་ལྔ་རྐྱེན་འདས་སུ་གྱུར་པ་དང།དེའི་ནང་ནས་ལོ་བཅུ་བཞི་ཡིན་པའི་བུ་མོ་གཅོད་པ་སྐྱིད་དང། ལོ་༡༡ ཡིན་པ་བསོད་ནམས་ལྷ་མོ། ལོ་༢ ཡིན་པ་ཕུན་ཚོགས་སྒྲོལ་མ་བཅས་ནི་ཁྱིམ་ཚང་གཅིག་གི་སྤུན་མཆེད་ཡིན་འདུག ཁོང་ཚོའི་ཨ་མའི་གནས་སྟངས་ཀྱང་གསལ་པོ་མེད་པ་རེད། མི་བརྒྱ་དང་ལྔ་བཅུ་ལ་གནོད་སྐྱོན་ཚབས་ཆེན་ཕོག་པ་དང། སྤྱིར་གནོད་འཚེ་ཕོག་པའི་མི་གྲངས་ཆིག་ཁྲི་ཉིས་སྟོང་ཙམ་བྱུང་བ། སྡོད་ཁང་ཆིག་སྟོང་ལྷག་ལ་གནོད་འཚེ་ཕོག་པ་དང། སྒོ་ཟོག་བརྒྱ་ལྷག་ཆུས་ཁྱེར་བ། དེ་བཞིན་གཞུང་ལམ་དང་ཟམ་པ་མང་པོར་གནོད་སྐྱོན་བྱུང་བས་དཔལ་འབྱོར་གྱི་གནོད་སྐྱོན་ལ་རྒྱ་སྒོར་བྱེ་བ་གཉིས་དང་ས་ཡ་བདུན་ཙམ་བྱུང་ཡོད་སྐོར་སྲིད་གཞུང་གིས་བརྗོད་ཡོད་པ་རེད།།