གྲོག་མ་དང་ཚག་པ།
ཁྱེད་རང་དགོས་མེད་དཀའ་ལས་མྱོང་བ་ལས། ང་ཡི་མཉམ་དུ་རྩེད་མོ་རྩེ་བར་ཅིའི་ཕྱིར་མི་ཡོང་ངམ། ཞེས་དྲིས། གྲོག་མས་ལན་དུ། ངས་དགུན་ཁའི་ཆེད་ཁ་ལག་གྲ་སྒྲིག་བྱེད་ཀྱིན་ཡོད། ཁྱེད་རང་གིས་ཀྱང་དེ་ལྟར་བྱས་ན་ལེགས་ཞེས་བརྗོད། ཚག་པས། ཁ་ལག་འབེལ་འབེལ་ལྷུག་ལྷུག་མི་འདུག་གམ་ཞེས་ལན་བཏབས།
འོན་ཀྱང་གྲོག་མས་བརྒྱུན་བསྲིངས་ནས་འབད་བརྩོན་བྱས། མི་རིང་བར་དགུན་དུས་སླེབས་པ་དང་། ཨ་ཚག་ཚག་པར་ཁ་ཟས་གང་ཡང་མེད་པར་མུ་གེའི་གནས་སུ་ལྷུང་ནས་ཟས་འཚོལ་དུ་འགྲོ་སྐབས། གྲོག་མས་ཟ་འབྲུ་རྣམས་རང་གི་མཛོད་ཁང་ནས་བློ་བདེའི་ངང་བཏོན་བཞིན་ལོངས་སུ་ སྤྱོད་ཀྱིན་ཡོད་པ་མཐོང་ནས། ཚག་པས་གཞི་ནས་གྲ་སྒྲིག་སྔ་ས་ནས་བྱེད་དགོས་པ་ཤེས་ནས་འགྱོད་པའི་ངང་ཤི་བ་རེད།