དོན་གྲུབ་དབང་ཆེན་གྱི་ཆེད་དུ་ཁྲིམས་གཏུག

    ཉེ་ཆར་དོན་གྲུབ་དབང་ཆེན་གྱི་ཆེད་དུ་ཁྲིམས་རྩོད་པར་རྒྱ་ནག་གཞུང་གིས་ཁྲིམས་གཏུག་བྱེད་མ་བཅུག་པ་སོགས་ཀྱི་གནས་ཚུལ་ལ་རྒྱལ་སྤྱིའི་ནང་དུ་ངོ་རྒོལ་ཤུགས་ཆེན་བྱུང་བ་དང། དེ་རྗེས་བོད་ནས་གནས་ཚུལ་འབྱོར་བའི་ནང། དོན་གྲུབ་དབང་ཆེན་སྐོར་ལ་རྒྱ་ནག་གཞུང་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང༌། རྒྱ་གཞུང་གིས་ཁྲིམས་རྩོད་པ་ཞིག་བཀོད་སྒྲིག་གིས་ཕྱི་ཟླ་༨ ཚེས་༡ ཙམ་ལ་ཁྲིམས་གཏུག་བྱེད་རྒྱུའི་གནས་ཚུལ་འདུག གནས་ཚུལ་དེ་ཁུངས་བཙན་པོ་ཞིག་ཡིན་ཞེས་དང༌། ང་ཚོས་ཁོ་རང་ཉེས་མེད་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་མིའི་གཞུང་ཚབ་ལ་ཁ་པར་བཏང་ནས་བློ་ཕམ་བྱུང་བ་སོགས་ཀྱི་རྣམ་འགྱུར་ཞིག་སྟོན་པ་དགོས་པ་གལ་ཆེན་པོ་འདུག དེ་བཞིན་བོད་གཞུང་གི་ངོས་ནས་དེའི་ཐོག་ཐུགས་སྣང་གནང་ཐུབ་ན་ཡག་པོ་འདུག་ཅེས་བརྗོད་ཡོད་པ་རེད།།