དོན་འགྲུབ་དབང་ཆེན་གློད་གྲོལ་དགོས།
དོན་གྲུབ་དབང་ཆེན་འཛིན་བཟུང་བྱས་ནས་བཙོན་འཇུག་བྱས་ནས་ཟླ་བ་༡༨ ཙམ་ཟིན་པ་དང༌། ད་ཆ་རྒྱ་ནག་དམར་ཕྱོགས་གཞུང་གིས་ཁྲིམས་ཁང་ནས་ཁྲིམས་ཐག་གཅོད་སྲིད་པས་ཁོང་ཚོས་ཞེད་སྣང་དང་བློ་འཚབ་ཆེན་པོ་ཡོད་པ་དང༌། བོད་དོན་ལས་འགུར་བ་རྣམས་ཀྱིས་དོན་འགྲུབ་དབང་ཆེན་མྱུར་དུ་གློད་གྲོལ་དགོས། ཁོང་འཇུ་བཟུང་བྱེད་རྐྱེན་གྱི་<<འཇིགས་བྲལ་>>ཞེས་པའི་གློག་བརྙན་དེ་དངོས་ཡོད་བདེན་དོན་ཞིག་ལས་གཞན་གང་ཡང་མ་རེད། དེ་བཞིན་བོད་དོན་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པ་སོགས་ཀྱི་འབོད་སྐུར་བྱས་ཡོད་པ་རེད། ལས་འགུལ་འདི་གོ་སྒྲིག་བྱེད་མཁན་གཙོ་བོ་ནི་ངོ་༢༢ ཡིན་པའི་འཇར་མི་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཌེ་མེ་སི་ཡིན་པ་དང༌། ཁོང་གིས་བོད་ནང་བོད་མི་རིགས་ལ་དྲག་གནོན་ག་རེ་བྱེད་འདོད་པ་བཞིན་བྱེད་མི་ཆོག། ང་ཚོས་དེ་དག་ལ་ངོ་རྒོལ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད། དེ་བཞིན་ཉིན་དེར་འཇར་མི་ནིའི་རྒྱལ་ས་མི་ནིག་ཏུ་བོད་དང་འཇར་མི་ནིའི་ལས་འགུལ་ཚོགས་པས་གོ་སྒྲིག་འོག་དེ་ལྟ་བུ་ལས་འགུལ་ཞིག་སྤེལ་ཡོད་པ་རེད།