བོད་ནང་གི་རྩོམ་པ་པོ་ཞིག་གར་སོང་ཆ་མེད།

སྨྱུག་མིང་ལ་ཐེའུ་རང་ཞེས་བ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དབྱར་ཁའི་གུང་སེང་དང་བསྟུན་སྤྱི་ཟླ་བདུན་པའི་ཕྱི་ཚེས་ ༢༦ ཉིན་ཙམ་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང༌། དེའི་ཐད་ད་ལྟའི་ཆར་བོད་ནང་དང་ལྷག་པར་དྲ་ལམ་འཕྲིན་ལམ་ན་དོ་སྣང་ཆེནཔོ་བྱེད་བཞིན་པའི་ཁྲོད་བཀྲ་ཤིས་རབ་བརྟན་གྱིས་་ཉེ་ལམ་སྔར་ལོའི་བོད་ནང་གི་དོན་རྐྱེན་སྐབས་ཀྱི་དངོས་ཡོད་གནས་ཚུལ་གྱིས་གཙོས་བོད་ནང་གི་བདེན་པའི་གནས་ཚུལ་འདྲ་མིན་ཚོར་ཤུགས་དྲག་པོས་བྲིས་བའི་<<ཁྲག་ཡིག>>ཅེས་པའི་རྩོམ་དེབ་ཐོག་མ་བཏོན་པ་དང༌། <<ཤར་དུང་རི་>>དང་<<ཁྲག་ཡིག་>>ལ་བོད་ནང་གི་བོད་མི་དང་ལྷག་པར་གཞོན་སྐྱེས་ཤེས་ཡོན་པ་ཚོའི་ཁྲོད་དོ་སྣང་དང༌། དགའ་མོས་འདེང་འཇོག་ཆེན་པོ་བྱས་དང་བྱེད་བཞིན་པར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཀྱང་དེ་མ་ཐག་དཔེ་དེབ་དེ་ལ་ཆབ་སྲིད་གནད་དོན་ཆེན་པོ་ཡོད་པའི་དོགས་གཞིའི་འོག་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ས་གནས་ཁག་ནས་ཁྲག་ཡིག་དཔེ་དེབ་དེ་ཕྱིར་བསྡུ་དང་བཀག་སྡོམ་བྱས་ཡོད་པ་མ་ཟད། འབྲེལ་ཡོད་ཚན་པས་རྩོམ་པ་པོར་གསང་སྟབས་ཀྱིས་འདྲི་བརྩད་ཡང་ཡང་བྱས་ཐོག། དུས་རྒྱུན་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལའང་རྟོག་ཞིབ་ནན་མོ་བྱེད་བཞིན་པར་བརྟེན་ད་ཐེངས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་གུང་སེང་དང་བསྟུན་ཆབ་སྲིད་ཀྱི་ དོགས་གཞིའི་འོག་ལྐོག་ནས་གསང་སྟབས་གྱིས་གློ་བུར་འཛིན་བཟུང་བཙན་ཁྲིད་བྱས་བ་ ཡིན་པའི་ངོས་འཛིན་བྱེད་བཞིན་པ་རེད།

ཁོ་ནི་ཟི་ཁྲོན་མཛོ་དགེ་ཐང་སྐོར་གྱི་མི་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཆེན་པ་ཞིག་ཡིན་འདུག་”ཅེས་གནས་ཚུལ་སྤེལ་འདུག།།
འདྲ་པར་བོད་ནང་གི་དྲ་རྒྱ་ལས་བཏོན།