འགོས་ནད་ཀྱིས་མི་གསུམ་གྲོངས་འདུག

    ད་ལྟ་མི་དགུ་ལ་སྨན་བཅོས་བྱེད་བཞིན་ཡོད་འདུག ན་ཚ་དེ་དང་པོ་ཁྱི་ཤི་བའི་རོ་ཞིག་བརྒྱུད་དེ་རིམས་ནད་དེ་ཁྱབ་གདལ་དུ་ཕྱིན་ཚུལ་འདུག་ལ། ཡང་ལ་ལས་གནམ་བརྡ་སྟོན་ཁ་སླེབས་པ་དང་བསྟུན་ཏེ། རྒྱ་མི་མང་པོ་བོད་ཁུལ་དུ་ཡོང་སྟེ། དུག་རྫས་བེད་སྤྱོད་བཏང་སྟེ་ཕྱི་བ་མང་པོ་གསོད་ཀྱིན་ཡོད་པ་དེ་བརྒྱུད་ནས་མི་ལ་འགོས་རབས་ཡང་བཤད་ཡོད་འདུག
ད་ལྟ་རྫོང་དེའི་ཕྱི་ནང་གི་འགྲིམ་འགྲུལ་བཀག་ཡོད་པ་དང། མི་སུ་ཞིག་ལ་ཚ་བ་འཕར་བ་སོགས་ཀྱི་ནད་རྟགས་ཐོན་ན་བརྟག་དཔྱད་དགོས་པའི་བཀོད་ཁྱབ་གཞུང་སྨན་ཁང་གིས་བཏང་ཡོད་པ་རེད། སྤྱིར་བཏང་རྒྱལ་སྤྱིའི་འཕྲོད་བསྟེན་ལས་ཁུངས་ནས་བརྗོད་པ་ལྟར་ན། ན་ཚ་དེ་ཆུ་ཚོད་༢༤ རིང་སྨན་བཅོས་མ་ཐོབ་ན་འདས་གྲོངས་སུ་འགྲོ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང། ནད་གཞི་དེ་མི་ནས་མི་བརྒྱུད་འགོ་ཡི་ཡོད་པ་མ་ཟད། སེམས་གཞན་གཞན་བརྒྱུད་ནས་ཀྱང་མི་ལ་འགོ་ཡི་ཡོད་སྐོར་བརྗོད་འདུག