རྟའུ་རྒྱལ་འཕགས་སུ་རྒྱ་བོད་འཁྲུག་རྩོད།

དེས་རྗེས་སུ་ཚེས་བཞི་ཙམ་ཉིན་རྒྱ་མི་ཚོས་དགོན་པ་དང་ཡུལ་མིར་དགོངས་དག་ཞུས་ཡོད་པའི་གནས་ཚུལ་བྱུང་ཡོད་ན་ཡང་བོད་མི་ཚོས་རྒྱ་ནག་གི་བརྙེས་བཅོས་ལ་ནམ་ཡང་མགོ་བོ་སྒུར་ཀྱི་མིན་ཞེས་གླེང་གི་འདུག་ཅེས་བོད་ནས་ཁ་པར་བརྒྱུད་གནས་ཚུལ་མཁོ་སྤྲོད་བྱས་སོང༌། མཛོ་མོ་ནུ་བཞི་ནི་རྒྱལ་འཕགས་དགོན་པའི་རྒྱབ་རི་ཡིན་པ་དང་དེ་ལ་གསེར་སེར་པོ་དང་གསེར་དཀར་པོ་སོགས་ཀྱི་གཏེར་ཁ་ཡོད་པས་མི་མང་གིས་རྩ་ཆེན་དུ་བརྩི་བ་རེད་འདུག་ལ། ལྷག་པར་རྒྱལ་འཕགས་དགོན་པ་ནི་དཔལ་རྒྱལ་བ་རྫོགས་ཆེན་དགོན་པའི་དགོན་ལག་སྨད་ཀྱི་དགོན་སྡེ་བཅུ་གཉིས་ཡོད་པའི་ཡ་གྱལ། སྤྱི་ལོ་༡༦༩༣་ལོར་རིགས་འཛིན་ཉིམ་གྲགས་པ་སྐུ་ཕྲེང་དང་པོ་གྲུབ་དབང་ཨྱོན་ལྷུན་གྲུབ་མཆོག་གིས་ཕྱག་བཏབ་གནང་བའི་ལོ་རྒྱུས་རང་ཞིན་ལྡན་པའི་དགོན་པ་ཞིག་ཡིན་པ་དང༌། དེར་བསྟན་བདག་མཁས་གྲུབ་༡༢་ལྷག་རིམ་བྱོན་གྱིས་རྒྱལ་བསྟན་དར་བར་བྱས་ཤིང་ད་ལྟ་དགེ་འདུན་པ་རྒྱ་དང་བཞི་བཅུ་ནས་ལྔ་བཅུ་བར་ཡོད་འདུག མེ་སོར་གསར་འགོད་པས།