༧གོང་ས་མཆོག་ལ་གཟེངས་རྟགས་ཤིག་འབུལ་འཆར།

    དེ་ནི་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་བར་གྱི་མཐུན་སྒྲིལ་ཐད་མཛད་འཕྲིན་བླ་མེད་བསྐྱངས་པ་དང། འཚེ་མེད་ཞི་བའི་ལྟ་གྲུབ་པ་བདག་ཉིད་ཆེན་མོ་གྷན་ངྷི་དང་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མཁན་མི་རིགས་ནག་པོའི་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་མཱ་ཏོན་ལི་ཊིན་མཆོག་སོགས་ཀྱྀ་མཛད་འཕྲིན་གྱི་རྗེས་སུ་འབྲངས་ཏེ།  འཛམ་གླིང་ནང་ཞི་བའི་ལམ་ནས་བོད་མིའི་རང་དབང་གི་སྣེ་ཁྲིད་བྱས་སྟབས། ཁོང་ཉིད་ཀྱི་མཛད་འཕྲིན་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་བྱ་ཆེད་ ༢༠༠༩ ལོའི་རྒྱལ་སྤྱིའི་རང་དབང་གི་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་གནང་རྒྱུ་གཏན་འཁེལ་ཡོད་པ་ཨ་རིའི་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་དངོས་མང་བཤམས་སྟོན་ཁང་གི་འགན་འཛིན་གྱིས་འགྲེལ་བརྗོད་གནང་ཡོད་པ་རེད། །