འཁྱམ་པོའི་རྣམ་ཤེས།

འགག་འཕྲང་སྟོང་གི་འཁྱུད་པའི་གྲོང་ཚོ་ནས།།

བདེ་སྡུག་ཚོར་བས་དྲངས་པའི་དགའ་ངུ་ཟུང་།།

ལྷ་འདྲེ་འབུམ་གྱིས་སྐྲུན་པའི་ཆོ་འཕྲུལ་བཞིན།།

ང་ཡི་སེམས་ཁམས་འདི་ན་རབ་ཏུ་རྒོད།།