བལ་ཡུལ་ནང་བོད་མི་འཇུ་བཟུང།
བོད་དོན་ལས་འགུལ་བ་རྣམས་ཀྱིས་བོད་རང་བཙན་ཡིན། ང་ཚོར་དྲང་བདེན་དགོས། ཞེས་སྐད་འབོད་བྱས་པ་དང༌། བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་གིས་ཉེན་རྟོག་ལས་ཁང་ནང་ཁྲིད་ཡོད་འདུག བལ་ཡུལ་ཉེན་རྟོག་ལས་ཁུངས་ནས་བོད་མི་༢༥ ས་ཆ་གནད་འགག་ཡོད་སའི་ནང་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན། འཛིན་བཟུང་བྱས་པ་ཡིན། ཁོང་རྣམས་མྱུར་དུ་གློད་གྲོལ་གཏོང་རྒྱུ་ཡིན་ཅེས་བརྗོད་ཡོད་འདུག
ད་ལྟ་བལ་ཡུལ་དུ་རྒྱ་ནག་གི་གཞུང་ཚབ་ཁང་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཉེ་འཁོར་རྣམས་ལ་ལྕགས་ར་བསྐོར་ནས་སྲུང་སྐྱོབ་བྱས་ཡོད་འདུག