མོ་ཊ་ནང་ནས་མེ་མདའ་བརྒྱབ་སྟེ་བསད་ཡོད་འདུག

    ཁོང་ནི་སྐྱེས་ཡུལ་འབའ་ཐང་རྫོང་དང། རང་ལོ་༤༦ཙམ་ཡིན་འདུག རྒྱུན་གཏན་ཕ་ཡུལ་དུ་ཚོང་བརྒྱབ་ནས་སྡོད་ཀྱི་ཡོད་པ་དང་ཕྲུ་གུ་བཞི་ཡོད་འདུག སྔ་ལོ་ཕྱི་ཟླ་༣ པའི་ནང་ལྷ་སར་ཨ་མ་དང་བཟའ་ཟླ་སོགས་ཁྲིད་དེ་གནས་མཇལ་དུ་ཡོང་སྐབས་ཕྱི་ཟླ་༣ ཚེས་༡༤ ཉིན་བོད་མིའི་ཞི་རྒོལ་ནང་མཉམ་ཞུགས་གནང་སྟེ། རྭ་མོ་ཆེ་ནས་ཤར་ངོས་ནས་དམག་མིའི་མོ་ཊ་དམར་པོ་ཞིག་གི་ནང་ནས་ཁོང་གི་མགོ་ལ་མེ་མདའ་བརྒྱབ་སྟེ་རང་སར་བསད་ཡོད་འདུག།།