གྲྭ་པ་བཞི་ལ་ཁྲིམས་ཆད།

དེ་ཡང་ལོ་སྔོན་མའི་ཕྱི་ཟླ་༣ པའི་ནང་བོད་ཀྱི་རྒྱལ་ས་ལྷ་སར་ཐོག་མར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་སེ་ར་དགོན་གྱི་གྲྭ་བཅུ་བཞིའི་ཁྲོད་ནས། ཕ་ཡུལ་རྫ་ཆུ་ཁ་བ་ནས་ཡིན་པ་གྲྭ་བློ་གྲོས་ལ་ལོ་༡༠ ཁྲིམས་ཆད་དང། རང་ལོ་༢༩ ཡིན་ཞིང་ཕ་ཡུལ་རྫ་ཆུ་ཁ་དབོན་པོ་དགོན་གྱི་གྲྭ་བློ་བཟང་དངོས་གྲུབ་དང༌། རང་ལོ་༣༠ ཡིན་ཞིང་མང་དགེ་དགོན་གྱི་གྲྭ་བཟོད་པ་གཉིས་ལ་ཉེ་ཆར་རྒྱ་ནག་གཞུང་གིས་ལོ་ལྔ་རེའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག དེ་བཞིན་སྔར་ལོའི་ཕྱི་ཟླ་༣ པའི་ཚེས་༡༩ ཉིན་ལྷ་སར་འཛིན་བཟུང་བྱས་ཤིང་ཕ་ཡུལ་རྫ་ཆུ་ཁ་དབོན་པོ་དགོན་གྱི་རང་ལོ་༣༥ ཡིན་པའི་གྲྭ་བསོད་ནམས་གྲགས་པ་ལགས་སུ་ལོ་བཅུའི་བཙོན་འཇུག་ཁྲྀམས་ཐག་བཅད་ཡོད་འདུག ཁོང་ཚོ་ལྷ་ས་ཆུ་ཤུར་བཙོན་ཁང་དུ་བཅུག་ཡོད་པ་དང༌། དེ་མིན་གྱི་གྲྭ་པ་ཁག་ཅིག་ད་དུང་སྟོད་ལུང་དུ་བཙོན་འཇུག་བྱས་ཡོད་འདུག །