བོད་མི་གཞོན་སྐྱེས་ཤིག་འཇུ་བཟུང།
ཕྱི་ཟླ་༨ པའི་ཚེས་༡༢ ཉིན་གྱི་ཆུ་ཚོད་དང་པོའི་ཐོག་ལྷ་སའི་ཚང་རལ་སྲང་ལམ་གྱི་ཙི་ཅེན་ཝང་ཞེས་པའི་དྲ་ཁང་ནས། ཁོང་གིས་དྲ་ཐོག་ནས་ྋགོང་ས་མཆོག་གི་སྐུ་པར་དང། བོད་ཀྱི་རྒྱལ་དར། དེ་བཞིན་བཙན་བྱོལ་བོད་ཀྱི་དྲ་ཚིགས་ཁག་མི་འདྲ་བ་༤ བཅས་ལ་བལྟ་ཀློག་དང་འདྲ་བཤུས་བྱས་པ་ལྷ་སའི་དྲ་རྒྱ་དོ་དམ་པས་མཐོང་བས། ཉེན་རྟོག་པར་བརྡ་བཏང་སྟེ་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག།།