༧གོང་ས་མཆོག་གི་གཟེངས་རྟགས་འབུལ་བཞེས་ལ་དགའ་སྟོན།
ཟླ་འདིའི་ཚེས་༢༣ ཉིན་ཨ་རིའི་ལྷོ་ཤར་མངའ་སྡེ་ཊོ་ནེ་སིར་རྒྱལ་ཡོངས་སྤྱི་དམངས་ཐོབ་ཐང་འགྲེམས་སྟོན་ཁང་གིས་༧གོང་ས་སྐྱབས་མགོན་རིན་པོ་ཆེར། རྒྱལ་སྤྱིའི་རང་དབང་གི་གཟེངས་རྟགས་ཞིག་འབུལ་བཞེས་གནང་བར་དགའ་སྟོན་མཛད་སྒོ་ཞིག་ཡོད་པ་དང། ཞོགས་པ་རང་བདེན་ཚོགས་ཆུང་གི་གོ་སྒྲིག་འོག་མོན་གྷོ་འདོད་རྒུ་གླིང་གི་སྐྱ་སེར་ཕོ་མོ་ཡོངས་མཉམ་འཛོམས་ཐོག་ནོར་བུ་རིའི་རྩེ་ནས་བསང་གསོལ་དང་དར་ལྕོག་བསྒྲེངས་འཛུགས་བྱས་ཡོད་པ་རེད། ས་གནས་འགོ་འཛིན་དང། ས་འཐུས་ཚོགས་གཙོ་གཉིས་ཀྱིས་ྋགོང་ས་མཆོག་ལ་གཟེངས་རྟགས་འབུལ་བཞེས་གནང་བའི་སྐོར་གྱི་ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།