ཟླ་ཟེར་དུས་དེབ་ཀྱི་རྩོམ་རིག་བྱ་དགའ།

ཟླ་ཟེར་དུས་དེབ་༡༩༩༢ ལོར་གསར་དུ་འགོ་འཛུགས་བྱས་པ་ནས་བཟུང་ད་བར་འདོན་ཐེངས་༡༠༠ རྩོམ་སྒྲིག་པར་སྐྲུན་བྱས་ཡོད་པ་དང་།  དུས་དེབ་དེ་ནི་བོད་པའི་སྤྱི་ཚོགས་ལ་ཤུགས་རྐྱེན་དང་དགའ་མོས་ཆེན་པོ་བྱེད་ཡུལ་གྱི་བོད་ཡིག་དུས་དེབ་ཅིག་ཡིན་པ་རེད། སྐབས་འདིར་བོད་པའི་ས་ཁུལ་གཞན་དག་ནས་ཀྱང་རྩོམ་པ་པོའི་འཐུས་ཚབ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་ནས་གཞི་རིམ་གྱི་རྩོམ་པ་པོ་བརྒྱ་ལྷག་ཞུགས་ཡོད་པ་རེད། སྐབས་འདིར་རྩོམ་པ་པོ་གཅན་མེ་སྟག་དང་། ཁྲི་སེམས་དཔའ། བསོད་ནམས་དོན་གྲུབ། སྐྱབས་ཆེན་བདེ་གྲོལ། རི་སྔོན་བླ་མ་ཐར། ས་དམར་གྲགས་པ་བཅས་རྩོམ་པ་པོ་དྲུག་ལ་སྐབས་གསུམ་པའི<<ཟླ་ཟེར>>གྱི་རྩོམ་རིག་བྱ་དགའ་ཐོབ་ཡོད་པ་རེད༎