མངའ་རིས་ས་ཁུལ་དུ་གངས་སྐྱོན་བྱུང་བ།
གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་ཧོར་ཞང་གུང་ཙེ་གྲོང་སྡེ་རུ། ཉིན་བདུན་རིང་གངས་མ་ཆར་བབས་པའི་རྐྱེན་གྱིས་ཟླ་འདིའི་ཚེས་༡༡ ཉིན། བོད་ཀྱི་འབྲོག་པ་ཉིས་བརྒྱ་ལྷག་དང་ཕྱུགས་ཟོག་སྟོང་ལྷག་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་འདུག་ཀྱང། མི་ཕྱུགས་ཤི་གོད་བྱུང་མིན་གྱི་གནས་ཚུལ་ཁ་གསལ་སྤེལ་མེད་པ་མ་ཟད། རྒྱ་ནག་གཞུང་གིས་དེར་ཉེན་བརྡ་བཏང་བ་དང། མྱུར་སྐྱོབས་ཀྱི་ལས་དོན་ཚགས་ཚུད་སྤེལ་ཡོད་ཟེར་ནས་འུར་གཏམ་ཤུགས་ཆེན་བྱས་ཡོད་པ་རེད།།